མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་བསྡུས་པ་དང་ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་ཡིས་གྲོས་མོལ་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:25

当地时间10月17日,意大利米兰,多国领导人出席早餐会,商讨乌克兰局势图片.jpg

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། དབྱི་ཐཱ་ལེའི་མུས་ལན་ནས། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་ཞོགས་ཟས་གསོལ་ཚིགས་ལ་ཞུགས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་མུས་ལན་ནས་སྤེལ། དེ་ནི་ཉིས་སྟོང་བདུན་ལོར་ཕྱོགས་གཉིས་ཀྱིས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་ཉིག་ལོན་པའོ་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་རྗེས་བསྡུས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཐོག་མ་རེད།

    ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་གྲོས་ཚོགས་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འཛམ་གླིང་སྟེང་གི་ཆེས་ལེགས་འགྲུབ་ཡིན་པའི་བདག་དབང་རྒྱལ་ཁབ་ནས་བཙུགས་པའི་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་ཚབ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་གཞི་གཅིག་ཅན་གྱི་བྱ་བའི་ཐད་ཀྱི་ཉམས་མྱོང་ཐད་ནས་ཕན་ཚུན་སློབ་སྦྱོང་བྱས་ཆོག ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་དེ་ཉེ་བའི་ལོ་འགའི་རིང་གཏིང་ཟབ་དང་རྒྱ་ཇེ་ཆེར་སོང་། ཕྱོགས་གཉིས་ཀྱིས་སྐུལ་འདེད་གཏོང་བའི་མཉམ་ལས་ལ་མཁའ་འགྲུལ་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་དང་ཉམས་ཉེན་དང་གནོད་འཚེ་ཐག་གཅོད་བྱེད་པ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་སྔོན་འགོག་བྱེད་པ་སོགས་ནང་དོན་འདུས་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག