མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨ་མེ་རི་ཁ། འཇར་མན། དབྱིན་ཇི། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་བརྙན་འཕྲིན་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེའི་ཕྱི་དྲོར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་། དབྱི་ཐཱ་ལེའི་ཙུང་ལི་ལོན་ཆི་བཅས་དང་བརྙན་འཕྲིན་གྲོས་ཚོགས་བསྡུས་ནས། དབྱི་རག་དང་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་གཏོང་བ་དང་། ཝུའུ་ཁི་ལན་གྱི་གནས་བབ། ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་དང་ཨ་མེ་རི་ཁ། འཇར་མན། དབྱིན་ཇི། དབྱི་ཐཱ་ལེ་བཅས་ཀྱི་མགོ་ཁྲིད་པས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་གྱི་ཁྱབ་ཁོངས་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་སྟེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་དགོས་པ་དང་། དབྱི་རག་གི་སྲིད་ཏང་སོ་སོས་མུ་མཐུད་དུ་གྲོས་མོལ་བྱས་ཏེ་དབྱི་རག་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་ཕན་ནུས་ལྡན་པའི་སྒོ་ནས་འཁོར་བསྐྱོད་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་བལྟས་ན་ཕྱོགས་ཡོངས་ནས་ཕན་ནུས་ལྡན་པའི་སྒོ་ནས་ཟླ་དགུ་བའི་ཚེས་ལྔ་ཉིན་མེན་སི་ཁི་ནས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཝུའུ་ཁི་ལན་གྱིས་རྒྱལ་ཡོངས་ཀྱི་གྲོས་མོལ་སྤེལ་ཏེ་རྒྱལ་ཁབ་དེའི་ས་ཁུལ་རེ་འགར་དགོས་ངེས་ཀྱི་གོ་གནས་དང་ཁེ་དབང་སྩོལ་དགོས་པར་འདོད། ཁོ་ཚོས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་པ་དེ་ནི་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ཨེ་པའོ་ལཱ་རིམས་ནད་བྱུང་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྐུལ་སློང་ལ་ཤུགས་སྣོན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འབྲེལ་ཡོད་རྒྱལ་ཁབ་བཅས་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག