མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱིས་པན་མིན་མགྲོན་ཁང་ནས་གསང་བའི་དམག་དོན་གྲོས་མོལ་བྱས་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་ཁྲའོ་ཞན་གྱིས་ཉིན་དེའི་སྔ་དྲོར་པན་མིན་མགྲོན་ཁང་ནས་དམག་དཔོན་རིམ་པའི་གསང་བའི་དམག་དོན་གྲོས་མོལ་སྤེལ་ཟེར་ཡང་། གྲོས་མོལ་གྱི་ནང་དོན་གནས་སྐབས་སུ་གསལ་བོར་མི་ཤེས། ཧན་གོ་དང་ཁྲའོ་ཞན་དཔོན་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེར་ལན་ཅི་ཡང་བྱིན་མེད།

ཧན་གོའི་སྲིད་འཛིན་ཏང་རྒྱལ་ཁབ་གསར་བའི་ཏང་གི་མི་སྣ་ཞིག་གིས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཧན་གོ་དང་ཁྲའོ་ཞན་གྱི་སྐབས་སའི་མཐའ་མཚམས་པན་མིན་མགྲོན་ཁང་ནས་གྲོས་མོལ་བྱས། ཁྲའོ་ཞན་ཕྱོགས་ཀྱིས་ཡོངས་བསྒྲགས་མི་བྱེད་པའི་རེ་བ་བཏོན་པའི་དབང་གིས་ཧན་གོའི་སྲིད་གཞུང་གིས་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་མ་བྱས་ཟེར།

ཧན་གོའི་ཆབ་སྲིད་དང་དམངས་གཙོའི་མཉམ་འབྲེལ་ཏང་གི་གྲོས་མི་ཕེའོ་ཀྲི་ཡོན་གྱིས་ཀྱང་ཉིན་དེར་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱིས་སྔ་དྲོའི་དུས་ཚོད་བཅུའི་སྟེང་པན་མིན་མགྲོན་ཁང་ནས་བྱ་བའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཉེ་སྔོན་ཁྲའོ་ཞན་དང་ཧན་གོའི་སྐོར་གཡེང་གྲུ་གཟིངས་ཀྱིས་ཁྲའོ་ཞན་ཕྱེད་གླིང་ནུབ་ངོས་ཀྱི་མཚོ་འགྲམ་ནས་འཁྲུག་རྩོད་བྱས་པ་དང་། ཧན་གོའི་ཚོགས་ཁག་གིས་ཁྲའོ་ཞན་ལ་བསྒྲགས་ཡིག་གཏོར་བ་སོགས་གྲོས་གཞི་ལ་གྲོས་བསྡུར་བྱེད་ངེས་རེད་ཟེར།

ཧན་གོའི་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་གྲོས་མོལ་དེའི་ངོ་བོ་དང་བྱེ་བྲག་གི་ཉིན་རིམ་སོགས་ནང་དོན་གསལ་བོར་མ་བཤད། སྲིད་གཞུང་གི་མི་སྣ་ཞིག་གིས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱི་ཐེངས་འདིའི་གྲོས་མོལ་ལ་ཕྱོགས་གཉིས་ཀྱིས་འགན་ཁུར་ཡོད་པར་བསམ་ནས་སེམས་ཆུང་བྱེད་བཞིན་ཡོད་པས། ད་ལྟའི་དུས་རིམ་འདིར་འབྲེལ་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱེད་པར་མི་འཚམ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག