མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་མུས་ལན་གྱི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྟེང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་གསར་འགོད་པར་བསྟན་དོན། ཐེངས་འདིའི་གྲོས་ཚོགས་གནས་སྐབས་སུ་ཕུའུ་ཅིན་གྱི་ཉིན་རིམ་རེའུ་མིག་ནང་བཀོད་མེད་ཀྱང་། ཁོ་ཚོས་མཐོ་རིམ་གྲོས་ཚོགས་ཀྱི་རྒྱ་བསྐྱེད་གྲོས་ཚོགས་སྟེང་འབྲེལ་འདྲིས་བྱེད་སྲིད་པ་དང་། གྲོས་མོལ་ལས་ཐུན་མོང་གི་ལྟ་ཚུལ་འབྱུང་ཡང་སྲིད་ཀྱང་མིག་སྔར་ད་རུང་གྲོས་ཐག་བཅད་མེད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་གཉིས་ཀྱང་གྲོས་མོལ་ལ་ཞུགས་ཀྱང་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག