མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཁྱབ་ཁོངས་རེ་འགའ་ནས་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མཉམ་ལས་བྱས་ཆོག་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཚེས་བཅུ་བཞིའི་ཉིན་ཕཱ་རེ་སི་ནས་དུས་ཚོད་གསུམ་ལྷག་ལ་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐད་དམིགས་བསལ་གྱི་ནུས་པ་ཐོན་བཞིན་ཡོད་པ་དང་། ཁྱབ་ཁོངས་རེ་འགའ་ནས་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མཉམ་ལས་བྱས་ཆོག་ལ། ཁྱད་པར་དུ་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བ་དང་ཨེ་པའོ་ལཱ་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་མཉམ་ལས་བྱས་ཆོག་ཟེར།

ལཱ་ཧྥའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁོ་དང་ཁི་ལེ་གཉིས་ཀྱིས་གྲོས་མོལ་བྱས་པར་དགོས་གལ་ཆེ་ཞིང་། རྒྱལ་ཁབ་གཉིས་བར་སྔར་བཞིན་འགལ་བ་ཡོད་ཀྱང་། རྒྱལ་སྤྱིའི་གནད་དོན་རེ་འགའི་ཐད་ནས་གྲོས་མཐུན་འགོད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་ཟེར། ཁོས་བཤད་རྒྱུར། ཁོ་དང་ཁི་ལེ་གཉིས་ཀྱིས་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་པ་དང་། དེའི་ནང་དབྱི་རག་དང་ཝུའུ་ཁི་ལན་གྱི་གནས་བབ། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་འདུས་ཟེར།

ཁི་ལེ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཁས་ལེན་བྱས་དོན། རྒྱལ་ཁབ་གཉི་ག་འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པའི་ཆ་ནས། དབུས་ཤར་ས་ཁུལ་གྱི་ཐལ་སྤྱོད་སྟོབས་ཤུགས་ལ་ཆམ་ཕབ་གཏོབ་བ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་སོགས་གནད་དོན་ཐད་ནས་འགན་ཆེན་པོ་ཁུར་དགོས་ཟེར། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་་གཏོང་བའི་ཐད་ནས་གསང་འཕྲིན་མཉམ་སྤྱོད་བྱེད་རྒྱུ་ཐག་བཅད། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་ཡིས་དབྱི་རག་གི་དམག་དཔུང་ལ་མཚོན་ཆ་དང་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག