མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཐུར་ཁེ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་རང་གི་སྒྲིག་ཆས་བེད་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བར་འཐད་པ་བྱུང་བར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་བཞིའི་ཉིན་ཕཱ་རེ་སི་ཐན་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་རང་གི་སྒྲིག་ཆས་ཁག་ཅིག་བེད་སྤྱོད་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་འཐད་པ་བྱུང་ཡོད་ཟེར།

ཁི་ལེ་ཡིས་ཉིན་དེར་ཕཱ་རེ་སི་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དུས་ཚོད་གསུམ་ལྷག་ལ་གྲོས་མོལ་བྱས། གླེང་གཞི་གཙོ་བོ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་རེད། ཁི་ལེ་ཡིས་གྲོས་མོལ་བྱས་རྗེས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་རྒྱལ་ཁབ་དེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། རང་ཉིད་ཀྱི་ཉིན་རིམ་གྲོས་ཆོད་ལྟར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་ཁྲོད་ཀྱི་གོ་གནས་ཐག་གཅོད་བྱེད་དགོས། ཨ་མེ་རི་ཁ་དང་ཐུར་ཁེ་རྒྱལ་ཁབ་བར་འགལ་བ་མེད་པ་དང་། ཐུར་ཁེ་རྒྱལ་ཁབ་ཀྱིས་ནུས་པ་གལ་ཆེན་འདོན་ཐུབ་ཟེར།

 ཨ་མེ་རི་ཁའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་དམག་དོན་གནམ་གྲུས་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཡུན་ཅི་ཨར་ལེ་ཁི་མཁའ་དམག་རྟེན་གཞི་བེད་སྤྱོད་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་བཀོལ་བར་འཐད་པ་བྱུང་ཡོད་ཟེར་ཡང་། དུས་ཚོད་འགའི་རྗེས་སུ་ཐུར་ཁེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་དོན་དེ་ཁས་ལེན་མ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག