མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་ཨེ་པའོ་ལཱ་རིམས་ནད་ལ་ཚོད་འཛིན་བྱེད་དགོས་པའི་སྐུལ་མ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་གནད་དོན་གྱི་དམིགས་བསལ་འཐུས་མི་དང་ཨེ་པའོ་ལཱ་རིམས་ནད་ཀྱི་འཕྲལ་སྒྲུབ་ཆེད་མངག་ཚོགས་པའི་ཚོགས་གཙོ་པན་པའོ་ལི་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱི་མཆེད་ཚད་དེ་ཐག་གཅོད་བྱེད་ཐབས་ལས་རིང་དུ་བརྒལ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མྱུར་མོར་ཉམས་ཉེན་དེ་ཐག་གཅོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བཞིའི་ཉིན་ཨེ་པའོ་ལཱ་རིམས་ནད་ཐད་ནས་གྲོས་ཚོགས་བསྡུས། པན་པའོ་ལི་ཡིས་བརྙན་རིས་བརྒྱུད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་སྙན་ཞུ་བྱས་ཏེ་བཤད་རྒྱུར། རིམས་ནད་འགོག་བཅོས་བྱེད་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་བཞི་བཟང་བོར་བསྒྲུབ་དགོས་པ་ནན་བཤད་བྱས་ཡོད་དེ། ནད་པར་འབྲེལ་འདྲིས་བྱས་མྱོང་བའི་མི་སྣ་གསལ་འབྱེད་དང་རྗེས་འདེད་བྱེད་པ་དང་། ནད་པར་དོ་དམ་བཟང་བོ་བྱེད་པ། བདེ་འཇགས་ངང་དུར་སྦས་བྱེད་པ། མི་རྣམས་ལ་རང་སྲུང་གི་བརྡ་འཕྲིན་འདོན་སྤྲོད་བྱེད་པ་བཅས་ཡིན་ཟེར།

པན་པའོ་ལི་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་རིགས་འདེད་བྱས་ན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར་ནད་ཁྲི་སྟོང་བདུན་ཙམ་དགོས་ཀྱང་། ད་ལྟའི་བཀོད་སྒྲིག་གི་མྱུར་ཚད་ལྟར་ན་སྐབས་ཐོག་དེར་ནད་ཁྲི་སྟོང་བཞི་དང་སུམ་བརྒྱ་མ་གཏོགས་མེད་ལ། ནད་ཁྲི་དེ་དག་ལ་དོ་དམ་བྱེད་པའི་སྨན་བཅོས་མི་སྣ་ཡང་མི་འདང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཏི་སུའུ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱིསི་ལི་པུ་ལི་ཡཱ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ལི་པུ་ཡཱའི་འཐུས་མི་ཁཱ་མཱ་ལཱ་ཡིས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་དབང་གིས་ལི་པུ་ལི་ཡཱའི་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སེ་ར་ལེ་ཨོང་གི་འཐུས་མི་མུས་ནཱ་ཡིས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱིས་རྒྱལ་ཁབ་དེའི་ཞིང་ལས་དང་གཏེར་ལས། བཟོ་སྐྲུན་ལས་རིགས། གནས་སྐོར་ལས་རིགས། འགྲིམ་འགྲུལ་སོགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་ཟེར།

མིག་སྔར། ཨེ་པའོ་ལཱ་རིམས་ནད་དེ་ཀེ་ནེ་ཡཱ་དང་ལི་པུ་ལི་ཡཱ། སེ་ར་ལེ་ཨོང་སོགས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཏུ་མཆེད་བཞིན་ཡོད་པ་དང་། སི་ཕན་དང་ཨ་མེ་རི་ཁར་ཡང་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་འགོས་པའི་ནད་པ་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན་འཛམ་གླིང་ཡོངས་སུ་མི་སྟོང་བཞི་ལྷག་ཨེ་པའོ་ལཱ་རིམས་ནད་ལས་ཚེ་སྲོག་ཤོར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག