མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་མེ་སྒོར་ས་ཡ་གཉིས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྩིས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:22

韩国外交部13日表示,韩国政府决定为加沙地带重建提供200万美元的援助款项。.jpg

  ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་མེ་སྒོར་ས་ཡ་གཉིས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་མེ་སྒོར་ས་ཡ་གཉིས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

  ཧན་གོའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཁེ་རོ་ནས་བསྡུས་པའི་ཅཱ་ཧྲའི་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་གོང་གི་ནང་དོན་འདུས་པའི་ཞལ་འདེབས་ཕུལ་བའི་ཁས་ལེན་བྱས། ཧན་གོའི་སྲིད་གཞུང་གིས་ད་ལོའི་ཟླ་བདུན་པར་ཕཱ་ལེ་སི་ཐན་དབང་འཛིན་ལས་ཁུངས་ལ་མེ་སྒོར་ས་ཡ་གཅིག་གི་རིན་ཐང་ལྡན་པའི་སྨན་རྫས་འདོན་སྤྲོད་བྱས་པ་རེད།

  ཧན་གོའི་ཕྱི་འབྲེལ་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཧན་གོའི་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་དགོས་གལ་ཆེ་བའི་བསྐྱར་འཛུགས་བྱ་བ། ཕཱ་ལེ་སི་ཐན་དབང་འཛིན་ལས་ཁུངས་ཀྱིས་བཏོན་པའི་རོགས་སྐྱོར་རེ་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྐྱར་འཛུགས་བསམ་ཕྱོགས་སོགས་རྒྱུ་རྐྱེན་མང་བོར་བསམ་བློ་བཏང་སྟེ། ཡང་བསྐྱར་བསྐྱར་འཛུགས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་པ་རེད།

  ཧན་གོའི་སྲིད་གཞུང་གིས་ད་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་མེ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་ཐེངས་འདིར་འདོན་སྤྲོད་བྱེད་རྒྱུའི་མེ་སྒོར་ས་ཡ་གཉིས་ཀྱང་འདུས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག