མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨུ་རུ་སི་ཡིས་བསྟུད་མར་གྲོས་མོལ་ཐེངས་གཉིས་སྤེལ་རྒྱུ་ཡིན་པ་དང་ཨན་པའེ་ཅིན་སན་གྱིས་གྲོས་མོལ་གྱི་ཛ་དྲག་གི་རྣམ་པ་བསྒྱུར་བར་རེ་སྒུག་བྱས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་བཅུ་དྲུག་ཉིན་དང་ཚེས་བཅུ་བདུན་ཉིན་གཉིས་ལ་དབྱི་ཐཱ་ལེའི་མུས་ལན་དུ་སོང་ནས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་དངོས་གཞི་མིན་པའི་གྲོས་མོལ་བྱེད་རྒྱུ་རེད། འཇར་པན་སྲིད་གཞུང་གིས་ཐེངས་འདིའི་གྲོས་ཚོགས་ཁྲོད་ཟླ་བཅུ་གཅིག་པར་པེ་ཅིན་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་གྲོས་ཚོགས་སྟེང་དངོས་གཞིའི་མགོ་གཙོའི་གྲོས་མོལ་སྤེལ་བར་གྲོས་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་གནད་དོན་དབང་་གིས་མཚམས་ཆད་པའི་འཇར་པན་དང་ཨུ་རུ་སིའི་སྲིད་གཞུང་བར་གྱི་གྲོས་མོལ་ཡར་བསྐྱར་སྤེལ་བར་རེ་སྒུག་བྱས་ཡོད་ལ། ཞོར་དུ་ཕུའུ་ཅིན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པར་རྨང་གཞི་བཟང་བོ་འདིང་རྩིས་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་དང་ཨུ་རུ་སིའི་མགོ་གཙོས་ཐེངས་འདིར་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་གྲོས་ཚོགས་སྐབས་སུ་ཡུན་ཐུང་གྲོས་མོལ་དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་སོ་ཆི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་བྱས་ཚུན་གྱི་གྲོས་མོལ་ཐེངས་དྲུག་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཨན་པའེ་ཅིན་སན་གྱིས་ཐེངས་འདིའི་མགོ་གཙོའི་གྲོས་མོལ་སྐབས་པེ་ཅིན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་གྲོས་ཚོགས་སྟེང་ཡང་བསྐྱར་གྲོས་མོལ་བྱེད་པར་གྲོས་ཁ་བྱེད་རྒྱུ་རེད།

ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་ཐེངས་དེ་གཉིས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནས་བབ་དབང་གིས་མཚམས་ཆད་པའི་འཇར་པན་དང་ཨུ་རུ་སིའི་བརྗེ་རེས་སླར་གསོབ་བྱེད་འདོད་པ་རེད། དེའི་ཆེད་དུ་ཟླ་དགུ་བའི་ཚེས་བཅུ་ཉིན། འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་སིན་ཞི་ལིང་གིས་ཨན་པའེ་ཅིན་སན་གྱི་འཕྲིན་ཡིག་ཁྱེར་ནས་ཕུའུ་ཅིན་དང་གྲོས་མོལ་བྱས་ཏེ་རང་འགུལ་གྱིས་ཛ་དྲག་གི་རྣམ་པ་ཞི་འཇགས་སུ་གཏོང་བར་རེ་བ་བཅངས། དེ་ལས་གཞན་ཨན་པའེ་ཅིན་སན་གྱིས་ཟླ་བཅུ་བའི་ཚེས་བདུན་ཏེ་ཕུའུ་ཅིན་གྱི་སྐྱེས་སྐར་ཉིན་མོར་ལེགས་སྐྱེས་ཕུལ་ནས་རྣམ་འགྱུར་གང་བཟང་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག