མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་གཉིས་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཁི་ལེ་ཁེ་རོ་ནས་ཅཱ་ཧྲའི་བསྐྱར་འཛུགས་རོགས་སྐྱོར་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། འཁྲུག་རྩོད་མཚམས་བཞག་པ་དེ་ཞི་བདེ་མིན་པ་དང་། ང་ཚོས་ཡང་བསྐྱར་གྲོས་མོལ་བྱས་ཏེ་མི་རྣམས་ཀྱིས་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱེད་པར་རོགས་རམ་བྱེད་དགོས་ཟེར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་སྔོན་མའི་གྲོས་མོལ་དེ་ན་ནིང་ཟླ་བདུན་པའི་ཟླ་མཇུག་ལ་སླར་གསོ་བྱས་ཀྱང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་བར་འགལ་བ་ཆེ་བའི་དབང་གིས་ཞི་བའི་གྲོས་མོལ་དེ་ད་ལོའི་ཟླ་བཞི་བར་མཚམས་ཆད། ད་ལོའི་དབྱར་ཁར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཆེད་དུ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་གྲོས་ཚོགས་སྟེང་སྒོར་མོ་ཐེར་འབུམ་བཞིའི་རོགས་སྐྱོར་མ་དངུལ་བསྡུ་བར་རེ་བས་ཁེངས་ཡོད། མིག་སྔར་ཨ་མེ་རི་ཁ་དང་ཁཱ་ཐར་གྱིས་སོ་སོར་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་གཅིག་ས་ཡ་གཉིས་དང་མེ་སྒོར་ཐེར་འབུམ་གཅིག་གི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག