མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་བཀོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་ཀྲིག་གི་ཀྲིག་ཀྲང་ཅི་ཧི་ཐིན་ཁི་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་སྲིད་གཞུང་གིས་དམངས་ཁྲོད་དྲག་ཆས་པའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་བཀོད་ཟེར།

ཟླ་དགུ་བའི་ཟླ་མགོར་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པའི་འཐུས་མིས་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། ཕན་ཚུན་ལ་ཡིད་ཆེས་ཆེར་མེད་པའི་དབང་གིས་ཕྱོགས་གཉིས་བར་གཞི་རྒྱ་ཆུང་བའི་དྲག་ཆས་འཁྲུག་རྩོད་རྒྱུན་དུ་འབྱུང་གིན་ཡོད། ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་ནང་། དམངས་ཁྲོད་དྲག་ཆས་པ་དང་སྲིད་གཞུང་དམག་དཔུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་གྲོང་ཁྱེར་ནས་ཡང་བསྐྱར་འཁྲུག་རྩོད་བྱས་པ་དང་། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག་ཟེར།

དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་པས་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་བཞིན་ཡོད་ཟེར་ཡང་། གནས་ཚུལ་དེར་ཝུའུ་ཁི་ལན་དཔོན་ཕྱོགས་ཀྱི་བདེན་དཔང་མ་ཐོབ། ཅི་ཧི་ཐིན་ཁི་ཡིས་ཚེས་བཅུ་གཉིས་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཝུའུ་ཁི་ལན་གྱི་སྤྱི་ཁྱབ་ཇུས་འདོན་པ་གཞོན་པ་ཏུའུ་མན་སི་ཅི་དང་དམངས་ཁྲོད་དྲག་ཆས་པས་བཙུགས་པའི་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཀྲ་ཧཱ་ཨར་ཆིན་ཁི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་བཀོད་པ་དང་། གྲོས་མཐུན་གསར་བ་དེ་ཚེས་བཅུ་གཉིས་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག