མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་གལ་ཏེ་ཧན་གོས་མུ་མཐུད་དུ་དཀྲུག་འཕེན་བྱ་སྤྱོད་སྤེལ་ན་རྒོལ་ལན་དྲག་པོ་སྤྲོད་རྒྱུའི་ཉེན་བརྡ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་དང་ཧན་གོའི་མཐོ་རིམ་གྲོས་མོལ་གྱི་བྱང་ཕྱོགས་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པས་ཉིན་དེར་བཤད་རྒྱུར། གལ་ཏེ་ཧན་གོས་མུ་མཐུད་དུ་བསྒྲགས་ཡིག་གཏོར་བ་སོགས་དཀྲུག་འཕེན་བྱ་སྤྱོད་སྤེལ་ན། ཁྲའོ་ཞན་གྱིས་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཐེངས་འདིའི་བསྒྲགས་ཡིག་དབུགས་ལྒང་བཏང་བ་ནི་ཧན་གོའི་དབང་འཛིན་ལས་ཁུངས་ཀྱི་ཁས་ལེན་ཐོབ་པ་དང་དམག་དོན་འགེབས་སྲུང་ཐེབས་པའི་གནས་ཚུལ་འོག་སྤེལ་བ་རེད། གནད་དོན་དེ་ཐག་གཅོད་བྱེད་ཆེད། ཁྲའོ་ཞན་གྱི་དམག་དཔུང་གིས་མེ་མདས་བརྒྱབ་ནས་དབུགས་ལྒང་སར་འཕང་བ་ཡིན། དེ་ལས་ཁྲའོ་ཞན་གྱིས་ཉེན་བརྡ་བཏང་བ་དེ་སྟོང་གཏམ་མིན་པ་བདེན་དཔང་ཐོབ་ཡོད་ཟེར།

མགྲིན་ཚབ་པ་དེས་ནན་གྱིས་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་ལྷོ་བྱང་འབྲེལ་བའི་སྣང་ཚུལ་བཟང་བོར་གཏོར་བརླག་བྱེད་པའི་འགུལ་སྐྱོད་མཚམས་འཇོག་དགོས་པ་དང་། ཧན་གོའི་ཕྱོགས་ལ་ད་རུང་གདམ་གསེས་ཀྱི་གོ་སྐབས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག