མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱ་ཡིས་ཕུའུ་ཅིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཟླ་རྗེས་མའི་ཚེས་བཅོ་ལྔ་ནས་ཚེས་བཅུ་དྲུག་ཉིན་བར་པུའུ་ལི་སི་པན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཟེར། དེ་ལས་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་རེ་འགས་དེའི་སྔོན་ཝུའུ་ཁི་ལན་གྱི་ཉམས་ཉེན་དབང་གིས་ཕུའུ་ཅིན་མཐོ་རིམ་གྲོས་ཚོགས་དེར་ཞུགས་པའི་བཀག་འགོག་བྱེད་འདོད་པའི་འཆར་གཞི་ལ་ཆམ་ཉེས་བྱུང་བ་མཚོན་ཡོད།

ཨོ་སི་ཁྲུ་ལི་ཡཱའི་རྒྱལ་མཛོད་པུའུ་ཀྲང་ཧའོ་ཅི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་ཕུའུ་ཅིན་ཟླ་རྗེས་མར་པུའུ་ལི་སི་པན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། ཁོས་ཞོར་དུ་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཀྱང་ཕུའུ་ཅིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་ཡིས་ཀྱང་ཚེས་བཅུ་གཉིས་གསར་འགྱུར་ལས་རིགས་ལ་ཕུའུ་ཅིན་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་དགོས་གལ་རང་བཞིན་གསལ་བཤད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག