མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་ཞིབ་བསྡུར་ཚོགས་འདུ་ཁཱ་ཧྲན་ནས་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་སྐབས་བདུན་པ་ཉེ་སྔོན་ཨུ་རུ་སིའི་ལོ་རྒྱུས་ཀྱི་མཁར་གྲོང་གྲགས་ཅན་ཁཱ་ཧྲན་གྲོང་ཁྱེར་ནས་སྤེལ། ཨུ་རུ་སི་དང་ཡོ་རོབ་གླིང་། མེ་གླིང་བྱང་མ། ཡོན་ཏུང་། དབུས་ཤར་ས་ཁུལ། དེ་མིན་ཀྲུང་གོ་བཅས་ནས་ཡོང་བའི་ཆེད་མཁས་པ་དང་ཤེས་ལྡན་པས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དང་། ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས། ཀྲུང་གོའི་ལོ་རྒྱུས། མཚན་ཉིད་རིག་པ། རིག་གནས་སོགས་ནང་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱས།

ཁཱ་ཧྲན་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཅཱ་ཡེ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ད་ལོར་ཨུ་རུ་སིའི་ཏཱ་ཐན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་འཚམས་འདྲིར་ཡོང་བའི་ཀྲུང་གོའི་གནས་སྐོར་བའི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་བ་དང་། ཏཱ་ཐན་སི་ཐན་ནས་རྒྱ་ཡིག་སྦྱོང་མཁན་གྱི་མི་གྲངས་ཀྱང་ཇེ་མང་དུ་སོང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག