མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་ཨུ་རུ་སིའི་དམག་མི་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་ལྷག་ཕྱིར་འཐེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ལོ་སི་ཐའོ་ཧྥུའུ་ས་ཁུལ་གྱི་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་ཨུ་རུ་སིའི་དམག་མི་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་རྒྱུན་སྡོད་རྟེན་གཞིར་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་ནས་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ལོ་སི་ཐའོ་ཧྥུའུ་ས་ཁུལ་གྱི་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་ཨུ་རུ་སིའི་དམག་མི་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་རྒྱུན་སྡོད་རྟེན་གཞིར་ཕྱིར་འཐེན་བྱེད་པར་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན། ཁི་ལི་མུའུ་ལིན་ཕོ་བྲང་གིས་བཤད་རྒྱུར། ད་ལོའི་དབྱར་ཁར་དམག་མི་དེ་དག་ལོ་སི་ཐའོ་ཧྥུའུ་ས་ཁུལ་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་པ་ཡིན་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་ཕུའུ་ཅིན་དང་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་དམག་དོན་ས་ཁུལ་གྱི་དབྱེ་ཁའི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བའི་སྙན་ཞུ་ལ་ཉན་རྗེས། ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་ཨུ་རུ་སིའི་དམག་མི་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག