མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས་བཅུ་ག་ཅིག་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དོན་ལྔར་རྨས་ཕོག་ཟེར། དེའི་ནང་འགས་གཏོར་དོན་རྐྱེན་གཅིག་པཱ་ཀ་ཏཱའི་ནུབ་བྱང་ཕྱོགས་ཀྱི་ཧྲུའུ་ཨ་ལཱ་ས་ཁུལ་གྱི་མི་མང་བོ་འདུས་སའི་སྡོད་ཁུལ་ཞིག་ནས་བྱུང་བ་དང་། མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཞི་བཅུ་ལ་རྨས་ཕོག་ཟེར། དེའི་རྗེས་སུ་པཱ་ཀ་ཏཱའི་བྱང་ངོས་ཀྱི་ཁཱ་ཏིས་མུས་ཡཱ་ས་ཁུལ་དུའང་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་སོ་ལྔར་རྨས་ཕོག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག