མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཕན་ཚུན་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་ཧན་གོའི་བར་གྱི་མཐོ་རིམ་གྲོས་མོལ་ཉེན་ཁའི་གནས་སུ་ལྷུང་ཡོད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་དཔོན་ཕྱོགས་ཀྱིས་བཤད་རྒྱུར། ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། ཧན་གོའི་བར་གྱི་མཐོ་རིམ་གྲོས་མོལ་ཉེན་ཁའི་གནས་སུ་ལྷུང་ཡོད་ཟེར།

ཁྲའོ་ཞན་གྱིས་ཚེས་བཅུ་ཉིན་ཧན་གོའི་འབྲེལ་ཡོད་མི་སྣས་བཏང་བའི་རྒྱལ་མཚམས་བརྒལ་བའི་དྲིལ་སྒྲོག་དབུགས་ལྒང་ལ་མེ་མདས་བརྒྱབ་པ་དང་། མདེལ་རེ་འགའ་ཞིག་རྒྱལ་མཚམས་ལྷོ་ངོས་སུ་ལྷུང་རྗེས། ཧན་གོའི་དམག་དཔུང་གིས་ཕྱིར་རྒོལ་ལན་སྤྲད། ཕྱོགས་གཉིས་ཀྱི་མི་སྣར་ཤི་རྨས་དང་གྱོང་གུད་གཞན་པ་ཅི་ཡང་བྱུང་མེད།

ཁྲའོ་ཞན་དཔོན་ཕྱོགས་ཀྱི་དྲ་ཚིགས་ལས་བཤད་རྒྱུར། ཧན་གོའི་འགན་མི་ཁུར་བའི་དཀྲུག་འཕེན་བྱ་སྤྱོད་དེས་ཁྲའོ་ཞན་ཕྱེད་གླིང་གི་ལྷོ་བྱང་འབྲེལ་བ་དེ་ཉེན་ཁའི་གནས་སུ་བསྐྱལ་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། གྲ་སྒྲིག་བྱེད་བཞིན་པའི་ལྷོ་བྱང་དཔོན་རིགས་ཀྱི་མཐོ་རིམ་གྲོས་མོལ་གྱི་འཆར་གཞི་དེ་ངལ་བ་འབྲས་མེད་དུ་འགྱུར་སྲིད་ཟེར། ཁྲའོ་ཞན་གྱི་མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་གཟའ་འཁོར་སྔོན་མར་རིན་ཁྲོན་དུ་སོང་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དང་། ཧན་གོ་དང་མཉམ་དུ་མཐོ་རིམ་གྲོས་མོལ་སྤེལ་བར་གྲོས་མཐུན་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག