མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་ལས་བཟོ་བ་བཅུ་ཁཱ་མེ་ལུང་ནས་ཕྱིར་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་མེ་ལུང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བོ་རོས་ཀིན་གྱིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ད་ལོའི་ཟླ་ལྔ་བར་ཁཱ་མེ་ལུང་བྱང་ཕྱོགས་ས་ཁུལ་ནས་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་ཀྲུང་གོའི་ལས་བཟོ་བ་བཅུ་ཚེས་བཅུ་གཅིག་ཉིན་བཙོན་གྲོལ་བཏང་བ་དང་། ལས་བཟོ་བ་བཅུ་བོ་ཉིན་དེའི་སྔ་དྲོར་ཁཱ་མེ་ལུང་སྲིད་གཞུང་གི་ཆེད་བཏང་གནམ་གྲུར་བསྡད་དེ་བདེ་འཇགས་ངང་ཁཱ་མེ་ལུང་གི་རྒྱལ་ས་ཡཱ་ཝུན་ཏི་རུ་འབྱོར་ལ། བོ་རོས་ཀིན་དང་ཁཱ་མེ་ལུང་སྲིད་གཞུང་གི་དཔོན་རིགས་གནམ་གྲུ་ཐང་དུ་སོང་ནས་བསུ་བ་བྱས། ཁཱ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པས་ལས་བཟོ་བ་བཅུ་བོའི་ལུས་ཕུང་ལ་བརྟག་དཔྱད་བྱས་པ་ལྟར་ན། མིག་སྔར་ཁོ་ཚོའི་ལུས་ཕུང་བདེ་ཐང་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག