མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྲོས་ཚོགས་ཀྱིས་དཔལ་འབྱོར་འཕར་སྣོན་གྱི་དམིགས་འབེན་ལ་སྐུལ་འདེད་གཏོང་རྒྱུའི་བསྐྱར་བཤད་གནང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྲོས་ཚོགས་སྤྱི་ཚེས་10ཉིན་ཝ་ཧྲེང་ཐོན་དུ་མཇུག་སྒྲིལ་ཡོད་པ་དང་། གྲོས་ཚོགས་ཐོག་མུ་མཐུད་སྔོན་གཏན་འཁེལ་བའི་ཚད་ལས་བརྒལ་བའི་དཔལ་འབྱོར་འཕར་སྣོན་དམིགས་འབེན་མངོན་འགྱུར་ཡོང་གང་ཐུབ་བྱ་རྒྱུའི་བསྐྱར་བཤད་གནང་ཡོད་པ་རེད།

ཨོ་སི་ཁྲུ་ལི་ཡའི་རྒྱལ་མཛོད་པུའི་པུའུ་ཀྲང་ཆའོ་ཧོ་ཅིས་གྲོས་ཚོགས་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་ཁག་གིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། མིག་སྔར་གྲོས་འགོ་བཏོན་པའི་བྱེད་ཐབས་གསར་པས་འཛམ་གླིང་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྤྱི་ལོ་2018ལོར་བརྒྱ་ཆ་གཅིག་དང་གྲངས་ཆུང་བརྒྱད་ཚད་ལས་བརྒལ་ནས་འཕར་སྣོན་ཡོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་གོས་བསྒྱུར་བཅོས་བྱེད་ཐབས་ལ་ལེགས་སྐྱེས་འབུལ་བའི་ཐད་བཅར་འདྲི་བྱེད་སྐབས། ཨོ་སི་ཁྲུ་ལི་ཡའི་རྒྱལ་མཛོད་པུའི་པུའུ་ཀྲང་ཆའོ་ཧོ་ཅིས། ཀྲུང་གོས་རྒྱ་ཆེ་གཏིང་ཟབ་ཀྱི་གྲོས་འགོ་མང་པོ་བཏོན་ཡོད་པས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག