མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དཔལ་ཨུ་རུ་སུའི་ཙུང་ཐུང་གིས་ཨུ་ཁེ་ལན་གྱི་གནས་བབ་ཀྱིས་སུའུ་ལན་རྗེས་མའི་བར་ཁམས་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་བཤད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:12

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དཔལ་ཨུ་རུ་སུའི་ཙུང་ཐུང་ལུ་ག་ཧྲེན་ཁོས་སྤྱི་ཚེས་10ཉིན་གསལ་བསྒྲགས་སྤེལ་ནས། ཨུ་ཁེ་ལན་དེ་ཛ་དྲག་གནས་བབ་ཀྱི་ལྟེ་གནས་སུ་གྱུར་བ་ཙམ་མ་ཟད། དེ་གའི་གནས་བབ་ཀྱིས་སུའུ་ལན་རྗེས་མའི་བར་ཁམས་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

    ལུ་ག་ཧྲེན་ཁོས་རང་བཙན་མཉམ་འབྲེལ་མ་ལག་རྒྱལ་ཁབ་ཀྱི་འགོ་གཙོའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས། ཨུ་ཁེ་ལན་ནི་ཛ་དྲག་གནས་བབ་ཀྱི་ལྟེ་གནས་ཡིན་པ་ཙམ་མ་ཟད། དེས་སུའུ་ལན་རྗེས་མའི་བར་ཁམས་གཞི་གཅིག་ཅན་གྱི་རྨང་གཞིར་གཏོར་སྐྱོན་ཕོག་ཡོད་ཅེས་གསུངས་ཡོད་པ་རེད།

    ཁོང་གིས་ཨུ་ཁེ་ལན་གྱི་གདོང་གཏུག་ཕྱོགས་གཉིས་པོས་མིང་སི་ཁོའི་གྲོས་ཆོད་ལག་བསྟར་བྱས་ནས། ཨུ་ཁེ་ལན་གྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་དུ་ཞི་བདེ་སླར་གསོ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

    ལུ་ཁེ་ཧྲེན་ཁོས་ད་དུང་། གདོང་གཏུག་ཕྱོགས་ཁག་གིས་ངེས་པར་དུ་མཉམ་ལས་བྱེད་ས་འཚོལ་དགོས་པ་དང་། ད་དུང་མིང་སི་ཁོའི་དབྱེ་འབྱེད་གྲོས་མོལ་བྱེད་རིང་གྲོས་འཆམ་བྱུང་བའི་གྲོས་ཆོད་ལག་བསྟར་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག