མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ་ཁྲའོ་ཞན་དང་ཧན་གོའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:10

韩国总统朴槿惠将于13日主持召开第二次统一准备委员会全体会议.jpg

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བཅུ་གསུམ་ཉིན་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུ་རྒྱུ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བཅུ་གསུམ་ཉིན་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་གནས་ཚུལ་དང་། རྒྱལ་ཁབ་གཅིག་གྱུར་གནད་དོན། དེ་མིན་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཏན་འབེབ་བྱས་པའི་གཅིག་གྱུར་གྲོས་གཞི་སོགས་རྣམ་གྲངས་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་རིམ་དེ་ཁྲའོ་ཞན་ཆབ་སྲིད་ཅུའི་ཅུའུ་ཀྲང་ཧོང་པེན་ཧྲི་སོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པས་ཧན་གོར་འཚམས་འདྲི་མ་བྱས་གོང་ནས་བཀོད་སྒྲིག་བྱས་ཡོད་ཟེར། དབྱེ་ཞིབ་ལས་བལྟས་ན། ད་ལྟ་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འགྱུར་ལྡོག་གནས་ཚུལ་ལ་བསམ་བློ་བཏང་ནས་ཕྱོགས་བསྡུས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པར་འདོད། གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་ཐོག་མའི་གྲོས་ཚོགས་སྟེང་བཏོན་པའི་གཅིག་གྱུར་གྲ་སྒྲིག་གི་གླེང་གཞི་ལ་གྲོས་བསྡུར་བྱས་པ་ལས་གཞན། ད་རུང་སྔར་ལས་ལྷག་པའི་སྒོ་ནས་མ་འོངས་པའི་གཅིག་གྱུར་ཁ་ཕྱོགས་དང་རྒྱལ་ཁབ་གཅིག་གྱུར་བྱས་རྗེས་ཀྱི་དགེ་མཚན་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

    རྒྱུས་ལོན་བྱུང་བ་ལྟར་ན། གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱེད་པའི་ནང་དོན་གཙོ་བོར་གཅིག་གྱུར་སྒྲིག་ཡིག་གཏན་འབེབས་བྱེད་པའི་གནད་དོན་དང་། ཁྲའོ་ཞན་ཕྱེད་གླིང་གི་གཅིག་གྱུར་དུས་རབས་ཀྱི་དཔལ་འབྱོར་གྱི་འཕར་སྣོན་རྣམ་པ་གསར་བར་སྐུལ་ཁྲིད་བྱས་ཏེ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཇི་ལྟར་གཅིག་གྱུར་ལ་གྲ་སྒྲིག་བྱེད་པ། གཅིག་གྱུར་གྱི་ཐབས་ཇུས་དང་འབྲེལ་ཡོད་ཇུས་གཞི་མངོན་འགྱུར་བྱེད་པ་སོགས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག