མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་སག་སི་ཐན་གྱི་ཙུང་ལི་ཡིས་མ་འོངས་པའི་ཟླ་ངོ་འགའི་ནང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ལི་མཱ་ཞི་མའོ་ཧྥུའུ་ཡིས་ཚེས་བཅུ་ཉིན་རྒྱལ་ས་ཨ་སི་ཐཱ་ནཱ་ནས་བསྟན་དོན། ཧཱ་སག་སི་ཐན་གྱིས་མ་འོངས་པའི་ཟླ་ངོ་འགའི་ནང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་ཡོངས་འགྲུབ་བྱེད་རྒྱུ་རེད།

མཱ་ཞི་མའོ་ཧྥུའུ་ཡིས་ཉིན་དེར་ཧཱ་སག་སི་ཐན་གྱི་འཕྲུལ་ཆས་བཟོ་སྐྲུན་པའི་གླེང་སྟེགས་སྐབས་གཉིས་པ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མིག་སྔར་ཧཱ་སག་སི་ཐན་གྱི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་མཇུག་སྒྲིལ་ལ་ཉེ་བ་དང་། ཧཱ་སག་སི་ཐན་ཕྱོགས་ཀྱིས་མ་འོངས་པའི་ཟླ་ངོ་འགའི་ནང་གྲོས་མོལ་ལ་འབྲེལ་བའི་གནད་དོན་ཚང་མ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

མཱ་ཞི་མའོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པ་དེ་ཧཱ་སག་སི་ཐན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཧཱ་སག་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་རྗེས་དགོས་ངེས་ཀྱི་སྒྲིག་སྲོལ་ལྟར་ལས་དོན་སྤེལ་དགོས་ལ། དེས་རྒྱལ་ཁབ་རང་གི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས་ཟེར།

ཧཱ་སག་སི་ན་གྱི་དཔོན་འབྱོར་བློན་ཆེན་ཏའོ་སཱ་ཡེ་ཧྥུའུ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཧཱ་སག་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་མཇུག་སྒྲིལ་ལ་ཉེ་བ་དང་། ཧཱ་སག་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་བྱེ་བྲག་གི་དུས་ཚོད་གླེང་སྐབས་ཁོས་ད་ལོའི་ལོ་མཇུག་གི་སྔོན་ལ་གསལ་ཁ་འབྱེད་ཐུབ་ཟེར།

ཧཱ་སག་སི་ཐན་གྱིས་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་རེ་ཞུའི་ཡི་གེ་སྤྲད། ཧཱ་སག་སི་ཐན་སྲིད་གཞུང་གིས་ད་ལོའི་ལོ་མཇུག་གི་སྔོན་ལ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་མཇུག་སྒྲིལ་རྒྱུའི་འཆར་གཞི་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག