མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་ནས་ངལ་རྩོལ་ཏང་གི་ཏང་འཛུགས་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:10

当地时间2014年10月10日,朝鲜平壤,朝鲜民众参拜朝鲜领导人金日成和金正日铜像,以纪念朝鲜劳动党成立69周年。.jp

ཟླ་བཅུ་བའི་ཚེས་བཅུ་ཉིན་ཁྲའོ་ཞན་གྱི་ཕེན་རང་ནས་ཁྲའོ་ཞན་མང་ཚོགས་ཀྱིས་ཁྲའོ་ཞན་གྱི་མགོ་ཁྲིད་པ་ཅིན་རི་ཁྲིན་དང་ཅིན་ཀྲིན་རི་གཉིས་ཀྱི་ཟངས་སྐུར་མཇལ་ཕྱག་བྱས་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་རེ་དགུ་འགོར་བར་རྗེས་དྲན་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་རེ་དགུ་འགོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་སྔོན་ཕེན་རང་གི་པད་མའི་རི་བོའི་ཟློས་གར་གླིང་དང་། རྒྱལ་བཙུགས་མཉམ་སྒྲོག་རོལ་དབྱངས་ཚོགས་པ། ན་གཞོན་ཀྲུང་དབྱང་སྒྱུ་རྩལ་དྲིལ་སྒྲོག་རུ་ཁག རྒྱལ་བཙུགས་རྩལ་རྩེད་ཚོགས་པ་སོགས་རིག་རྩལ་ཚོགས་པས་ཁྲའོ་ཞན་གྱི་ས་ཁུལ་མང་བོ་ནས་རིག་རྩལ་འཁྲབ་སྟོན་བྱ་འགུལ་མང་དུ་སྤེལ།

    སྒྱུ་རྩལ་པ་དག་གིས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་མང་བོར་བརྟེན་ནས་ཅིན་རི་ཁྲིན་དང་ཅིན་ཀྲིན་རིའི་མཛད་རྗེས་ལ་གཟེངས་བསྟོད་བྱས་པ་དང་། རྒྱལ་ཁབ་དེའི་ན་གཞོན་ཚོས་ཁྲའོ་ཞན་ངལ་རྩོལ་ཏང་དང་གསར་བརྗེའི་གཙོ་འཛིན་ཅིན་ཀྲིན་ཨིན་ལ་གོང་བཀུར་བྱས་ཏེ། རིན་ཐང་ཆེན་པོ་ལྡན་པའི་མི་ཚེའི་བདེ་སྐྱིད་འདུ་ཤེས་དང་གཟི་བརྗིད་འདུ་ཤེས་ལྡན་པ་མཚོན་པར་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག