མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ཤར་ཕྱོགས་ས་ཁུལ་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་ཤར་ཕྱོགས་ས་ཁུལ་གྱི་མུའུ་ཨར་ཐན་གྲོང་ཁྱེར་ནས་ཚེས་བཅུའི་ཉིན་གྱི་དགོང་མོར་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལྷག་ལ་རྨས་ཕོག་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྡོག་བརྫིས་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་མི་སྣ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་འགའི་རྨས་སྐྱོན་ཅུང་ཚབས་ཆེན་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག