མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་དབྱི་རན་ཉིང་རྡུལ་གནད་དོན་ཐད་ཀྱི་སྐད་ཆ་ཤོད་རེས་ལ་འཕེལ་རིམ་ཐོན་མེད་ཅེས་བསྟན་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-10 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྤྱི་ཚེས་9ཉིན་གསལ་བསྒྲགས་སྤེལ་ནས། གཟའ་འཁོར་འདིའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་རན་བར་གྱི་སྐད་ཆ་ཤོད་རེས་ཁྲོད། ཕྱོགས་གཉིས་པོའི་བར་དབྱི་རན་ཉིང་རྡུལ་གནད་དོན་ཐད་འགག་གཏོར་གང་ཡང་བྱུང་མེད་ཀྱང་། ཕྱོགས་གཉིས་པོས་མུ་མཐུད་སྐད་ཆ་ཤོད་རེས་བྱ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། ད་ལོའི་སྤྱི་ཟླ་5པར་དབྱི་རན་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་དབྱི་རན་ཉིང་རྡུལ་འཆར་གཞིའི་ཁྲོད་ཀྱི་ཐག་གཅོད་ཐུབ་མེད་པའི་གནད་དོན་ཡོངས་ཁ་གསལ་བཟོ་རྒྱུའི་ཐད་གཅིག་མཐུན་ངོས་འཛིན་བྱུང་ཡོད་པ་དང་། གྲོས་ཆོད་ནང་དབྱི་རན་གྱིས་སྤྱི་ཟླ་8པའི་ཚེས་25ཡི་གོང་འབྲེལ་ཡོད་བྱ་ཐབས་ཁག་ལྔ་བཟུང་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་རན་གྱི་ཉིང་རྡུལ་འཆར་གཞིར་ཤེས་རྟོགས་དེ་བས་ཟབ་པ་ཡོང་བ་བྱ་རྒྱུ་མ་ཟད་གོ་རིམ་ཡོད་པའི་སྒོ་ནས་དབྱི་རན་ཉིང་རྡུལ་འཆར་གཞིའི་ཁྲོད་ཐག་གཅོད་བྱེད་ཐུབ་མེད་པའི་གནད་དོན་ཡོངས་ཁ་གསལ་བཟོ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག