མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིས་ཕུའུ་ཅིན་གྱིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་སུ་པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱེད་རྒྱུ་ཡིན་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 11:06

在白俄罗斯首都明斯克即将召开国际会议前夕,与会的俄罗斯总统普京与乌克兰总统波罗申科握手致意。.jpg

ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱལ་སྤྱིའི་གྲོས་ཚོགས་མ་བསྡུས་གོང་། གྲོས་ཚོགས་ལ་ཞུགས་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ལག་འཇུ་བྱས་ཏེ་འཚམས་འདྲི་བྱེད་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་སུ་མུས་ལན་ནས་གྲོས་མོལ་བྱེད་རྒྱུ་རེད།

    ཁི་ལི་མུའུ་ལིན་ཕོ་བྲང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ལ་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར། ཁོས་ཞོར་དུ་བསྟན་དོན། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཕྱོགས་གཉིས་ཀྱི་གྲོས་མོལ་རྣམ་པ་དང་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་མགོ་གཙོའི་བར་གྱི་སྣེ་མང་རྣམ་པར་བརྟེན་ནས་སྤེལ་རྒྱུ་རེད་ཟེར།

    ཚེས་དགུའི་ཉིན་ཨུ་རུ་སིའི་དཀར་པོའི་རྒྱལ་ཁབ་མགོ་གཙོའི་གསར་འགྱུར་ཅུའུ་ཡིས་བསྟན་དོན། པའོ་ལོ་ཧྲིན་ཁི་ཡིས་ཁ་པར་བརྒྱུད་དེ་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་བཤད་རྒྱུར། ཉེ་སྔོན་ཕུའུ་ཅིན་དང་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་ཟེར།

    པའོ་ལོ་ཧྲིན་ཁི་ཡི་ནང་དོན་ལྟར་ན། ཁོས་ཕུའུ་ཅིན་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཝུའུ་ཁི་ལན་དང་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པའི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱེད་པ་སོགས་འདུས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག