མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་མང་བོས་ངོ་རྒོལ་བྱས་རྐྱེན་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲོ་མིའི་ཐོབ་ཐང་འཆར་ཟིན་ཁྲོད་ཀྱི་ཅིན་ཀྲིན་ཨིན་ཞུ་གཏུག་བྱེད་པའི་ནང་དོན་མེད་པར་བཟོས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 11:06

因多国反对 欧盟人权草案删除“起诉金正恩”内容.jpg

ཧན་གོའི་ཧྲིག་ཨར་མང་ཚོགས་ཀྱིས་ཚེས་དགུའི་ཉིན་ས་འོག་ལྕགས་ལམ་ས་ཚིགས་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་འབྲེལ་ཡོད་གསར་འགྱུར་ལ་བལྟ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་དགུའི་ཉིན་གྱི་སྔ་དྲོར་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཡོངས་བསྒྲགས་མ་བྱས་པའི་གནས་ཚུལ་འོག་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གི་གྲོས་ཆོད་འཆར་ཟིན་བརྒྱུད་ཀློག་བྱས། དེའི་ནང་དོན་ནི་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་སོགས་མིའི་རིགས་ལ་རྒོལ་བའི་ནག་ཉེས་བཟོས་པའི་ཁྲའོ་ཞན་གྱི་འབྲེལ་ཡོད་མི་སྣ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དུ་བསྐྱལ་ནས་འདྲི་གཅོད་བྱེད་དུ་འཇུག་པ་སོགས་འདུས།

    གྲོས་གཞི་དེ་ནི་འཆར་ཟིན་ཙམ་ཡིན་ལ་ཡོངས་ཁྱབ་ཏུ་གྲོས་བསྡུར་བྱས་མེད་ཀྱང་། གནས་ཚུལ་དེས་ཧན་གོ་དང་ནུབ་ཕྱོགས་གསར་འགྱུར་ལས་རིགས་ཀྱིས་ཐེངས་མང་བོར་ཅིན་ཀྲིན་ཨིན་གར་སོང་མ་ཤེས་པའི་གནས་ཚུལ་བསྒྲགས་པ་དང་བསྟུན་ནས། ཁྲའོ་ཞན་གྱི་གནས་བབ་སྔར་ལས་ངེས་གཏན་མེད་པར་ཞིག་ཏུ་གྱུར།

    ཟླ་དགུ་བའི་ཚེས་གསུམ་ཉིན་ནས་བཟུང་། ཅིན་ཀྲིན་ཨིན་ཟླ་ངོ་གཅིག་ལྷག་ལ་ཀུན་གྱི་མཐོང་ལམ་དུ་མ་མངོན་པ་དང་། ཟླ་བཅུ་བའི་ཚེས་བཅུ་ཉིན་ཁྲའོ་ཞན་གྱིས་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་རེ་དགུ་འགོར་བའི་རྗེས་དྲན་ཉིན་མོ་བསུ་རྒྱུ་ཡིན་ལ། ཅིན་ཀྲིན་ཨིན་བྱ་འགུལ་དེར་ཞུགས་མིན་དེ་ཕྱོགས་མང་བོས་དོ་སྣང་བྱེད་སའི་གཙོ་གནད་དུ་གྱུར་འདུག

    ཚེས་དགུ་ཉིན་གྱི་དགོང་མོར་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་ངོ་རྒོལ་བྱས་རྐྱེན་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲོ་མིའི་ཐོབ་ཐང་འཆར་ཟིན་ཁྲོད་གྱི་ཅིན་ཀྲིན་ཨིན་ཞུ་གཏུག་བྱེད་པའི་ནང་དོན་མེད་པར་བཟོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག