མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་རོགས་རམ་བྱེད་པ་དེ་གཞན་ནུབ་ཕྱོགས་ཀྱིས་བཀག་སྡོམ་མེད་པར་བཟོ་བའི་ཆེད་དུ་མིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཨུ་རུ་སིས་ཝུའུ་ཁི་ལན་ཉམས་ཉེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་པ་དེ་ནུབ་ཕྱོགས་ཀྱིས་བཀག་སྡོམ་མེད་པར་བཟོ་བའི་ཆེད་དུ་མིན་པར། ཨུ་རུ་སིའི་རྒྱལ་ཁབ་ཀྱི་ཁེ་ཕན་ནས་མགོ་བརྩམས་ཤིང་ཝུའུ་ཁི་ལན་རྒྱལ་ནང་གི་ཞི་བདེའི་ཆེད་དུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་མེ་སི་ཁིའི་གྲོས་ཆོད་དངོས་འབེབ་བྱེད་པར་རོགས་རམ་བྱེད་པ་ནི་ཨུ་རུ་སིའི་བཀག་སྡོམ་མེད་པར་བཟོ་བའི་ཆེད་དུ་མིན་པ་དང་། ང་ཚོས་བསྒྲུབ་པ་ནི་ཚད་ཆེན་པོའི་སྒོ་ནས་ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་རྒྱུན་ལྡན་ཅན་དུ་འགྱུར་བར་རོགས་རམ་བྱེད་བཞིན་ཡོད་ལ། ཆེས་གཙོ་བོ་ནི་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་ཡིན། ཨུ་རུ་སིས་རྒྱལ་ཁབ་རང་གི་ཁེ་ཕན་ནས་མགོ་བརྩམས་ཏེ། ཞི་བདེའི་རྨང་གཞི་འདིང་བ་དང་མཇུག་མཐར་ད་ལོའི་ལོ་མགོར་ཁས་ལེན་བྱས་པའི་ས་ཁུལ་ཡོངས་དང་ཆབ་སྲིད་སྟོབས་ཤུགས་ཚང་མ་ཞུགས་པའི་ཆབ་སྲིད་འཕེལ་རིམ་ལག་བསྟར་བྱེད་རྒྱུ་ཡིན་ལ། འཕེལ་རིམ་དེས་མི་རིགས་འགྲིག་མཐུན་ཡོང་བར་ཡར་སྐུལ་བྱེད་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་བསྒྲུབ་པའི་བྱ་བ་ཡོད་ཚད་ནི་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ནས་ཞི་བདེ་དང་འཆམ་མཐུན་མངོན་འགྱུར་བྱེད་པ་དང་། ཝུའུ་ཁི་ལན་གྱི་མི་དམངས་ཚང་མར་སྲུང་སྐྱོབ་བྱེད་པ། ཁོ་ཚོའི་ཁེ་དབང་དང་བདེ་འཇགས་ལ་འགན་སྲུང་བྱེད་པར་རེ་བ་ཆེ་བའི་དབང་གིས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག