མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་ཐད་ཚད་གཞི་མི་འདྲ་བ་བཟུང་བར་སི་རི་ཡས་སྐྱོན་བརྗོད་བྱས་པ།

རྩོམ་པ་པོ། རྡོ་ཐར།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས་29ཉིན། སི་རི་ཡའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་མུའུ་ཨ་ལི་མའོ་ཡིས། ཨ་རིའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཚད་གཞི་གཉིས་བཟུང་པར་སྐྱོན་བརྗོད་བྱས་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཇིགས་སྐུལ་སྒྲིག་འཛུགས་ལ་མ་དངུལ་དང་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

མུའུ་ཨ་ལི་མའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ་༨པའི་ནང་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དཔུང་ཁག་རྒྱབ་སྐྱོར་ཞེས་པ་སོགས་འཇིགས་སྐུལ་སྒྲིག་འཛུགས་ཀྱི་མ་དངུལ་དང་ཕྱི་ཡོང་དྲག་ཆས་མི་སྣའི་འབྱུང་ཁུངས་གཅོད་རྒྱུའི་ཐག་བཅད་ཡོད། ཡིན་ཡང་གྲོས་ཆོད་དེ་ནན་ཏན་དང་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་བྱེད་པ་སི་རི་ཡས་མཐོང་མ་བྱུང་ལ། ད་ཆ་ས་ཁུལ་དང་རྒྱལ་ཁབ་ཁ་ཤས་ཀྱིས་སྔར་བཞིན་འཇིགས་སྐུལ་སྒྲིག་འཛུགས་འདི་དག་ལ་རིགས་སྣ་ཚོགས་ཀྱི་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག