མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཚབ་དབྱི་ཝེ་མིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིའི་འགན་བཞེས་མཛད་སྒོར་ཞུགས་པ།

རྩོམ་པ་པོ། རྡོ་ཐར།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་9པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཚབ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝེ་མིན་ཁ་པུར་རུ་བསྡུས་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིའི་འགན་བཞེས་མཛད་སྒོར་ཞུགས་པ་མ་ཟད། ཙུང་ཐུང་ཅ་ཉི་དང་མཇལ་འཕྲད་གནང་ཡོད་པ་རེད།

ཅ་ཉི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཚབ་ཐེངས་འདིའི་ཙུང་ཐུང་འགན་བཞེས་ཀྱི་མཛད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུས་ཞིང་། དབྱི་ཝེ་མིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་ཡོད་པ་རེད། ཅ་ཉི་ཡིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་གཞུང་གསར་བས་ཨ་ཧྥུ་ཀ་ནི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་དང་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་བར་དོ་སྣང་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་མོ་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེའི་བསྐྱར་བསྐྲུན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཁྱད་འཕགས་དང་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག