མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཁོ་རེ་ཡར་ཡོད་པའི་ཀྲུང་གོའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་བཟོ་བྱེད་འགོ་ཚུགས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་བཟོའི་ལས་འགོ་འཛུགས་པའི་མཛད་སྒོ་དེ་སྤྱི་ཚེས༢ཉིན་བྱང་ཁོ་རེ་ཡའི་ཁའི་གྲེང་དུ་གཉེར་བ་རེད། བྱང་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་དྲན་གསོའི་སྒྲིག་ཆས་ཉམས་བཟོའི་ལས་གཞིའི་ལས་དོན་ཚོ་ཆུང་གི་ཁོངས་མི་དང་། བྱང་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་བ་དང་། ཕྱིར་སྡོད་སློབ་མ། ཀྲུང་གོའི་མ་འཇོག་ལས་ཁུངས། གསར་འགྱུར་ལས་ཁུངས་བཅས་ཀྱི་འཐུས་མི་དང་། དེ་བཞིན་བྱང་ཁོ་རེ་ཡའི་མི་དམངས་དྲག་ཤུགས་པུའུ་སོགས་ཀྲུང་གོ་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བརྒྱ་ལྷག་ཙམ་མཛད་སྒོ་དེར་ཞུགས་ཡོད་པ་རེད། ཁའི་གྲེང་དང་ཨན་ཀྲའུ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ཉམས་བཟོའི་ལས་གྲ་སྔ་རྗེས་སུ་འགོ་བཙུགས་པ་དང་། དེའི་ཐོག་ནས་བྱང་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་བཟོའི་ལས་དོན་དེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་ལ་སླེབས་པ་མཚོན་ཡོད་པ་རེད། ཁའི་གྲེང་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དེ་བྱང་ཁོ་རེ་ཡའི་ཁའི་གྲེང་གྲོང་ཁྱེར་སུང་གཡོས་ཧྲན་གྱི་གཤམ་དུ་གནས་པ་དང་། དེར་སྔོན་གཤེགས་དཔའ་བོ་ཆིག་ཁྲི་ཉིས་སྟོང་ལྷག་ཙམ་གྱི་ཕུང་པོ་དུར་འཇུག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག