མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྲེ་ལ་ཕུའུ་ཅ་ཉིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འགན་གནས་བཞེས་པའི་དམ་བཅའ་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་9པའི་ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཁོང་གི་མགྲིན་ཚབས་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། ཨ་ཧྲེ་ལ་ཕུའུ་ཅ་ཉིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འགན་གནས་བཞེས་པའི་དམ་བཅའ་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ་ཨ་ཕུའུ་ཏུའུ་ལས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དཔོན་རིགས་ཀྱི་འགན་གནས་བཞེས་པའི་དམ་བཅའ་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས།

ཕན་ཅི་ཝུན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་ཛ་དྲག་པའི་འགྲན་རྩོད་ལ་ཕྱོགས་ཡོད་པས་ཨ་ཧྥུ་ཀ་ནི་སི་ཐན་ནས་གང་མགྱོགས་སྲིད་གཞུང་གསར་པ་བཙུགས་ནས་མི་རིགས་མཐུན་སྒྲིལ་དགོངས་དོན་དང་དུ་བླངས་ནས་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཡོངས་དང་ཐུན་མོང་འབད་ཐབས་བྱེད་རྒྱུའི་རེ་འབོད་གནང་ཡོད་པ་རེད། ཕན་ཅི་ཝུན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ནས་ཆོད་སེམས་དང་། བཟོད་བསྲན། ནུས་སྟོབས་བཅས་མཚོན་པར་བསྔགས་བརྗོད་གནང་ཡོད་པ་རེད།

ཕན་ཅི་ཝུན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་གསར་པས་འགན་གནས་བཞེས་པའི་དམ་བཅའ་བཞག་པ་དེ་ནི་ལོ་རྒྱུས་རང་ཞིན་གྱི་དོན་དག་ཞིག་ཡིན་ཞེས་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཨ་ཧྥུ་ཀ་ནི་སི་ཐན་བར་བརྒལ་གསར་པའི་རིང་དང་འབྱུང་འགྱུར་དུས་སྐབས་ཤིག་རིང་སྔར་རྒྱུན་བཞིན་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྐྱར་དུ་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག