མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་རྒྱལ་སྤྱིའི་ཚན་རྩལ་འགྲེམ་སྟོན་ཚོགས་འདུ་སྐབས་བདུན་ཅུ་བ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-30 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་རྒྱལ་སྤྱིའི་ཚན་རྩལ་འགྲེམ་སྟོན་ཚོགས་འདུ་སྐབས་བདུན་ཅུ་བ་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་པུར་ཀ་རི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་ནས་སྤེལ་མགོ་བརྩམས།

ཚོགས་ཡུན་ཉིན་དྲུག་ཡིན་པའི་འགྲེམ་སྟོན་ཚོགས་འདུ་དེར་ཚོང་བ་བརྒྱད་བརྒྱ་དང་དྲུག་ཅུ་ཙམ་ཞུགས་ཡོད་པ་དང་། དེའི་ནང་ཨོ་སི་ཁྲུ་རི་ཡཱ་དང་། འཇར་མན། དབྱིན་ཇི། ཨུ་རུ་སི། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཚོང་བ་སོ་བདུན་ཞུགས་ཡོད་པ་དང་།པུར་ཀ་རི་ཡཱའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ད་ལོར་ཕྱི་རྒྱལ་གྱི་ཚོང་བ་ཇེ་མང་དུ་སོང་ཡོད་པ་དང་། དེ་ལས་པུར་ཀ་རི་ཡཱ་དེ་ལག་རྩལ་དང་སྒྲིག་ཆས་ཕྱི་གཏོང་གི་རེ་བའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད་པ་གསལ་བཤད་བྱ་ཐུབ་པར་མ་ཟད། ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་རྒྱལ་སྤྱིའི་ཚན་རྩལ་འགྲེམ་སྟོན་ཚོགས་འདུ་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་པུར་ཀ་རི་ཡཱ་ནས་ཚོང་ར་དང་ཚོང་ལས་གྲོགས་པོ་གསར་བ་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཞིག་ཏུ་གྱུར་ཡོད་པ་གསལ་བཤད་བྱ་ཐུབ་ཟེར།

པུར་ཀ་རི་ཡཱའི་ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་ཞིང་། དེའི་ལོ་རྒྱུས་ཡར་དེད་ན་གཅིག་སྟོང་བརྒྱད་བརྒྱ་གོ་གཉིས་ལོར་ཐོག་དང་པོར་སྤེལ་བའི་པུར་ཀ་རི་ཡཱའི་ཞིང་བཟོའི་འགྲེམ་སྟོན་ཚོགས་འདུ་ལ་གཏུག་ཆོག་པ་རེད། གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོ་ནས་བཟུང་། འགྲེམ་སྟོན་ཚོགས་འདུ་དེ་དཔྱིད་ཀ་དང་སྟོན་ཁའི་འགྲེམ་སྟོན་ཚོགས་འདུར་བགོས་ནས་ལོ་རེར་ཐེངས་གཉིས་རེ་སྤེལ། དཔྱིད་ཀའི་འགྲེམ་སྟོན་ཚོགས་འདུའི་སྟེང་ཉེར་མཁོའི་དངོས་རྫས་དང་ཟས་རིགས་ལས་སྣོན་ལས་རིགས་གཙོ་ཡིན་པ་དང་། སྟོན་ཁའི་འགྲེམ་སྟོན་ཚོགས་འདུ་ནི་རྒྱལ་སྤྱིའི་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱེད་སའི་སྟེགས་བུ་ཞིག་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག