མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་དུ་ཆར་བ་དྲག་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-30 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་ཆར་བ་དྲག་པོ་བབས་པའི་དབང་གིས་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར།

རྒྱ་གར་རྒྱལ་ཁབ་རྒུད་སྐྱོབ་དམག་དཔུང་གི་འགན་ཁུར་བ་ཞིན་ཀི་ཡིས་བཤད་རྒྱུར། ང་ཚོས་ཤུགས་ཆེན་པོས་རྒུད་སྐྱོབ་བྱེད་བཞིན་ཡོད་ལ། རྒུད་སྐྱོབ་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད་ཟེར།

ཞིན་ཀི་ཡིས་བཤད་རྒྱུར། མིག་སྔར་བསྡོམས་པས་རྒུད་སྐྱོབ་རུ་ཁག་བཅུ་དྲུག་གིས་གནོད་འཚེ་ཐེབས་པའི་ས་ཁུལ་གཉིས་ནས་གུད་སྐྱོབ་བྱ་འགུལ་སྤེལ་ཏེ། ཁོ་ཚོས་མི་སྟོང་དྲུག་ལྷག་བདེ་བླག་ངང་སྐྱོབ་པར་མ་ཟད། གནོད་ཐེབས་མང་ཚོགས་ལ་ཟས་རིགས་དང་མཁོ་དངོས་གཞན་པ་བྱིན་ཟེར།

མིག་སྔར་དྲག་ཆར་ལས་བྱུང་བའི་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་ལས་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག