མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉི་ཤུའི་ལོར་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པར་རེ་ཞུ་བྱེད་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:11

资料图:乌克兰总统波罗申科。.jpg

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁིའི་རྒྱུ་ཆའི་པར་རིས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉི་ཤུའི་ལོར། ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་རེ་ཞུ་བྱེད་རྒྱུ་ཡིན་ཟེར།

  པའོ་ལོ་ཧྲིན་ཁི་ཡིས་ཝུའུ་ཁི་ལན་གྱི་ཁྲིམས་དཔོན་ལ་བཤད་རྒྱུར། ཁོས་ཉིས་སྟོང་ཉི་ཤུ་ལོའི་འཐབ་ཇུས་འཆར་གཞི་ལ་བཅོས་བསྒྱུར་དང་སྤྱི་ཚོགས་ཀྱི་ལས་གཞི་སྣ་དྲུག་ཅུ་འདུས་པ་དང་། བཅོས་བསྒྱུར་དེ་དག་ཡོངས་འགྲུབ་བྱས་ན། ཝུའུ་ཁི་ལན་གྱིས་ལོ་ངོ་དྲུག་ནང་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པ་རེ་ཞུ་བྱེད་པའི་གྲ་སྒྲིག་བཡེད་རྒྱུ་ཡིན་ཟེར།

  ཝུའུ་ཁི་ལན་གྱིས་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་བར་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་པ་དང་། ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དང་། དེའི་རྗེས་སུ་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཡིག་ཆ་དེ་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག