མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་རྒྱལ་ཁབ་སོ་སོས་རོགས་ལས་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་བཀག་རྒྱ་ཁྱད་དུ་བསལ་ནས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སྟེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དེ་ཐག་གཅོད་བྱེད་དགོས་ཟེར།

ཨོ་པཱ་མཱ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་གི་མྱུར་ཚད་དེ་མིའི་རིགས་ཀྱི་ཐག་གཅོད་ཤུགས་ཚད་ལས་བརྒལ་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་ཐན་ཉུང་འདོན་དམ་འཛིན་བྱས་ཏེ་ལྡོག་ཐབས་མེད་པའི་ནམ་ཟླའི་གནོད་པ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། གནད་དོན་དེ་རྒྱལ་ཁབ་སུས་ཀྱང་སྣང་མེད་དུ་བསྐྱུར་མི་རུང་ཟེར།

ཨོ་པཱ་མཱ་ཡིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་བཀག་རྒྱ་སེལ་ནས་སྤོབས་པ་ཆེན་པོའི་འགུལ་སྐྱོད་འཆར་གཞི་གཏན་འབེབ་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཨ་མེ་རི་ཁས་འཛམ་གླིང་རང་བཞིན་ལྡན་པའི་འགྲན་རྩོད་དེའི་ཁྲོད་དགོས་ངེས་ཀྱི་འགན་འཁྲི་དང་ལེན་བྱེད་དགོས་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་ཐན་ཉུང་འདོན་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་སྒྲོག་བྱས། དེའི་ནང་སྲིད་འཛིན་བཀའ་རྒྱ་ལ་བརྟེན་ནས་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་འཕེལ་རྒྱས་དང་དངུལ་གཏོང་ལས་གཞི་འཆར་འགོད་བྱེད་སྐབས་ནམ་ཟླའི་འགྱུར་ལྡོག་གི་རྒྱུ་རྐྱེན་དེ་བསམ་བློ་གཏོང་སའི་ཁྱབ་ཁོངས་སུ་འཇོག་དགོས་པའི་རེ་བ་འདོན་པ་སོགས་འདུས།

ཉིས་སྟོང་བཅུ་བཞི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་དེ་ཚེས་ཉེར་གསུམ་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱས་ནས་ཉིས་སྟོང་བཅོ་ལྔ་ལོར་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བ་ཞིག་འགོད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག