མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཅཱ་ཏི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྐུལ་བའི་བྱེད་ཐབས་གསར་བར་གཟེངས་བསྟོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཚེས་ཉེར་གཅིག་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དཔལ་འབྱོར་འཕར་སྣོན་འབྱུང་བར་ཡར་སྐུལ་བྱེད་ཆེད་སྤྱད་པའི་བྱེད་ཐབས་གསར་བར་གཟེངས་བསྟོད་བྱས་པ་དང་། ཞོར་དུ་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་པའི་བགྲོད་ལམ་བདེ་མོ་མིན་པ་དང་། འཕར་སྣོན་ལ་སྐུལ་བ་དང་ལས་ཞུགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་དེ་ད་ལྟའི་དུས་རིམ་ལ་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་ཨོ་སི་ཁྲུ་ལི་ཡཱའི་ཁའེ་ཨིན་སི་ནས་གྲོསལ། །གྲོས་ཚོགས་ནས་སྤེལ་བའི་སྤྱི་སྒྲོག་ལས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་དེ་ཉིས་སྟོང་བཅོ་བརྒྱད་ལོའི་བར་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་འཕར་བར་འགན་སྲུང་བྱེད་ཐུབ་པ་དང་། སྔར་ནས་གཏན་འཁེལ་བྱས་པའི་བརྒྱ་ཆའི་གཉིས་ཀྱི་དམིགས་འབེན་དང་ཧ་ཅང་ཉེ་ཟེར། གྲོས་ཚོགས་ཀྱི་་ཀྲུའུ་ཞི། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་མཛོད་པུའུ་ཀྲང་ཧའོ་ཅི་ཡིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ་བརྒྱ་ཆའི་གཉིས་ཀྱི་འཕར་སྣོན་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ལཱ་ཅཱ་ཏི་ཡིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཧ་ཅང་གལ་ཆེ་བའི་གྲུབ་འབྲས་ཤིག་ཡིན་པ་དང་། དཔལ་འབྱོར་ཚོགས་ཁག་སོ་སོས་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་དགོས་ཟེར།

ཁོ་མོས་བཤད་རྒྱུར། བློ་བརྟན་འགྱུར་མེད་ཀྱིས་སྲིད་ཇུས་དེ་དག་དངོས་འབེབ་བྱེད་པ་དེ་ཕྱིན་ཆད་ཀྱི་ལོ་འགར་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་དངོས་འབེབ་གནས་ཚུལ་ལ་ལྟ་རྟོག་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། ལཱ་ཅཱ་ཏི་ཡིས་ད་རུང་ཐེབས་རྩ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གང་མགྱོགས་ཀྱིས་ཉིས་སྟོང་བཅུ་ལོའི་དམིགས་ཚད་དང་བཅོས་སྐྱོང་བཅོས་བསྒྱུར་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག