མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་ཆེན་པོ་གཉིས་ཀྱི་འཐུས་མི་ཁེ་རོ་རུ་སོང་ནས་གྲོས་མོལ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧིའི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བདེན་དཔང་བྱས་དོན། རྩ་འཛུགས་དེ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་མི་གཟའ་འཁོར་འདིའི་ནང་ཁེ་རོ་རུ་སོང་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཧྥ་ཐཱ་ཧིའི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨེ་ཧཱ་མེད་ཏི་ཡིས་ཉིན་དེར་བསྟན་དོན། ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་འགལ་བ་ཡོ་བསྲང་བྱས་ཏེ་ནང་ཁུལ་འགྲིག་མཐུན་མངོན་འགྱུར་བྱེད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཅཱ་ཧྲའི་བསྐྱར་འཛུགས་ཐད་ཀྱི་གྲོས་མོལ་ལ་གྲ་སྒྲིག་བྱེད་པའི་ཆེད་ཡིན་ཟེར། ཁོས་བསྟན་དོན། ཨེ་ཅིབ་ཀྱིས་བར་འདུམ་བྱས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་བརྒྱུད་པའི་གྲོས་མོལ་མི་འགྱངས་པར་སྤེལ་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་ཐཱ་ཧི་ཡིས་མི་ལྔའི་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་ཧཱ་མཱ་སིའི་ཕྱོགས་དང་གྲོས་མོལ་བྱེད་རྩིས་ཡོད་པ་རེད། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉེ་སྔོན་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་བདག་ཏུ་བཟུང་སྟེ་མཉམ་འབྲེལ་སྲིད་གཞུང་གིས་ཅཱ་ཧྲའི་ལས་དོན་ཐག་གཅོད་བྱེད་པར་བར་ཆད་བཟོས་པར་སྐྱོན་བརྗོད་བྱས།

ཨེ་ཅིབ་ཀྱི་བར་འདུམ་འོག ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། ཉིན་ལྔ་བཅུ་ལྷག་གི་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ། གྲོས་མཐུན་དེ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐུས་མིས་འཁྲུག་རྩོད་མཚམས་བཞག་རྗེས་ཀྱི་ཟླ་ངོ་གཅིག་ལ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་ནས། ཕན་ཚུན་བར་འགལ་བ་ཅུང་ཆེ་བའི་གནད་དོན་གཙོ་བོའི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་དགོས་ཀྱང་། མིག་སྔའི་བར་དུ་གྲོས་མོལ་གྱི་དུས་ཚོད་གཏན་འཁེལ་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག