མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཡིག་ཆ་བཀོད་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱས་པར་དགའ་བསུ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ཁང་གིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཉེ་སྔོན་ཡིག་ཆ་བཀོད་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱས་པར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོས་གྲོས་མཐུན་གསར་བ་དང་སྔོན་ཆད་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། མུ་མཐུད་དུ་འཁྲུག་རྩོད་མཚམས་བཞག་ན་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པ་མངོན་འགྱུར་བྱེད་པར་ནུས་པ་གལ་ཆེན་ལྡན་ཟེར།

གསལ་སྒྲོག་ལས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་དུས་ཡུན་ངེས་ཅན་འགོར་བའི་ཚུན་ལ། འབྲེལ་ཡོད་ས་ཁུལ་གྱི་དྲག་ཤུགས་བྱ་འགུལ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། ཝུའུ་ཁི་ལན་གྲོས་ཁང་གིས་ཤར་ཕྱོགས་ས་ཁུལ་རེ་འགའི་དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་ལ་གྲོས་མཐུན་བཀོད་པ་སོགས་གནས་ཚུལ་ཉམས་དགའ་བ་མང་བོ་བྱུང་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་གོང་གི་གྲོས་མཐུན་དེ་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག