མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་འཕེལ་རིམ་མཇུག་སྒྲིལ་བར་དགའ་བསུ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་འཕེལ་རིམ་མཇུག་སྒྲིལ་བར་དགའ་བསུ་ཞུ་པ་དང་། ཨ་ཧྲི་ལཱ་ཧྥུའུ་ཅཱ་ནེ་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གསར་བར་བདམས་པར་རྟེན་འབྲེལ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་སྒུག་མི་སྣ་གཉིས་ཀྱིས་མཐུན་སྒྲིལ་སྲིད་གཞུང་འཛུགས་པའི་ཐད་གྲོས་མཐུན་བཀོད་པ་དང་། ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཁབ་དེར་སྔར་ལས་བརྟན་འཇགས་དང་དར་རྒྱས་ཀྱི་མ་འོངས་པ་བསུ་བར་རྨང་གཞི་བཏིང་ཡོད་ཟེར། ཕན་ཅི་ཝུན་གྱིས་བསྟན་དོན། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གསར་བ་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་པས། ཨ་ཧྥུའུ་ཧན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཅཱ་ནེ་དང་སྲིད་གཞུང་གི་དཔོན་པོ་ཨ་པུའུ་ཏུའུ་ལཱ། དེ་མིན་རྒྱལ་ཁབ་དེའི་ཆབ་སྲིད་ཚོགས་པ་སོ་སོས་མྱུར་དུ་་མཐུན་སྒྲིལ་སྲིད་གཞུང་རྩ་འཛུགས་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གསར་བའི་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་ཟེར། ཨ་ཧྥུའུ་ཧན་མི་དམངས་དང་ཅཱ་ནེ། ཨ་པུའུ་ཏུའུ་ལཱ་བཅས་ལ་རྟེན་འབྲེལ་ཞུས་པའི་ཞོར་དུ། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། སྔོན་ཆད་ཀྱི་ནོར་སྲིད་བློན་ཆེན་ཅཱ་ནེ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཙུང་ཐུང་དུ་བདམས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག