མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལི་ཐའོ་ཝན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུའི་ཉིན་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་སྤྱིའི་ཇུས་འདོན་པའི་རིམ་པའི་གྲོས་ཚོགས་བསྡུས་ཏེ། ས་ཁུལ་གྱི་བདེ་འཇགས་གནས་བབ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་གྲབས་འགུལ་སྐྱོད་འཆར་གཞིར་ཡར་སྐུལ་བྱེད་པ། བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་གྱི་ལས་འགན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཐི་ཨར་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདིའི་སྟེང་བཤད་རྒྱུར། གྲོས་ཚོགས་ནས་གྲོས་བསྡུར་བྱས་པའི་གནད་དོན་དེ་ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་ཧྥེ་རི་ཁ་གླིང་གི་སཱ་ཧི་ལེ་ས་ཁུལ། དབུས་ཤར། ཨ་ཧྥེ་རི་ཁ་བྱང་མ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་སོགས་ས་ཁུལ་བཞིར་འབྲེལ་བ་ཡོད་ཟེར།

པཱ་ཐི་ཨར་སི་ཡིས་བཤད་རྒྱུར། གྲོས་ཚོགས་ནས་གཙོ་བོ་བྱང་ཆིངས་རྩ་འཛུགས་ཀྱི་དམག་གྲབས་འགུལ་སྐྱོད་འཆར་གཞི་ལ་ཇི་ལྟར་ཡར་སྐུལ་དང་དངོས་འབེབ་བྱེད་པར་གྲོས་བསྡུར་བྱས། ཁོས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་དུས་ཡུན་ཐུང་ངུའི་ནང་མི་སྣ་དང་སྒྲིག་ཆས་དག་མཁོ་གལ་ཆེ་བའི་གནས་སུ་བཀོད་སྒྲིག་བྱེད་དགོས་ཟེར།

ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས། པཱ་ཐི་ཨར་སི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨ་ཧྥུའུ་ཧན་ལ་དམག་དོན་གསོ་སྦྱོང་དང་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལི་པའོ་སི་ཁའེ་ཐི་ཡིས་བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་མདུན་དུ་ལྷགས་པའི་བདེ་འཇགས་གནས་བབ་ལ་ལོ་ཕྱེད་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། འགུལ་སྐྱོད་སྤེལ་བའི་དུས་ཚོད་ལ་ཚད་བཀག་ཆེན་པོ་ཡོད་ཟེར།

ཉིན་དེའི་གྲོས་ཚོགས་སྟེང་། བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཅེ་ཁིའི་སྤྱིའི་ཇུས་འདོན་པ་ཕཱ་ཝེ་ཨར་ཀྲུའུ་ཞི་གསར་བར་བསྐོ་འཇོག་བྱས་པ་དང་། འགན་ཡུན་ལོ་གསུམ་རེད། ཕཱ་ཝེ་ཨར་གྱིས་སང་ལོར་བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་རྒྱུ་རེད།

བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གིས་ལོ་རེར་སྤྱིའི་ཇུས་འདོན་པའི་གྲོས་ཚོགས་ཐེངས་གསུམ་ལ་སྤེལ་བཞིན་ཡོད་པ་དང་། དེའི་ནང་གྲོས་ཚོགས་ཐེངས་གཉིས་པུའུ་ལུའུ་སེར་ནས་སྤེལ་བ་དང་། གྲོས་ཚོགས་ཐེངས་གཅིག་ཟླ་དགུ་བའི་ཟླ་དཀྱིལ་དུ་ཁོངས་གཏོགས་རྒྱལ་ཁབ་ནས་སྤེལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག