མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཕེའོ་ཅིན་ཧོས་ལ་འཕྲིན་ཡིག་བྲིས་ཏེ་མགོ་གཙོའི་གྲོས་མོལ་བྱེད་པའི་རེ་བ་བཏོན་པར་ཁས་ལེན་མ་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བཅུ་དགུའི་ཉིན་རིན་ཁྲོན་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་སུན་ཞི་ལིང་ལ་ཐུག་འཕྲད་བྱས་རྗེས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་བསྐུར་བའི་འཕྲིན་ཡིག་དང་ལེན་བྱས།

ཨན་པའེ་ཅིན་སན་གྱིས་འཕྲིན་ཡིག་ནང་འཇར་པན་དང་ཧན་གོའི་མགོ་ཁྲིད་པས་ད་ལོའི་སྟོན་ཁར་མགོ་གཙོའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན་ཡོད་ཀྱང་། ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་སྔོན་ལ་ལྷག་བསམ་རྣམ་དག་གི་བྱེད་ཐབས་སྤྱད་དེ་ལོ་རྒྱུས་ཀྱི་རྨ་ཁ་གསོ་དགོས་ཟེར།

ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། མགོ་གཙོའི་གྲོས་མོལ་དེ་ངེས་པར་དུ་ཆ་རྐྱེན་ཚང་བའི་སྐབས་སུ་སྤེལ་དགོས་ཟེར། ཁོ་མོས་བཤད་རྒྱུར། སྔོན་ཆད་ཀྱི་ཉམས་མྱོང་ལ་བལྟས་ན། ཧན་གོ་དང་འཇར་པན་གྱིས་མགོ་གཙོའི་གྲོས་མོལ་སྤེལ་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲལེ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་འབྱུང་སྲིད་པས། ཉམས་མྱོང་བསྡུ་ལེན་བྱས་ཏེ་སྔོན་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

མངའ་ཁོངས་ཀྱི་རྩོད་གླེང་དང་ཨན་པའེ་སྲིད་གཞུང་གི་ལོ་རྒྱུས་གནད་དོན་ཐད་ཀྱི་གཡས་སུ་ལྷུང་བའི་གཏམ་སྤྱོད་དབང་གིས་ཕེའོ་ཅིན་ཧོས་ཀྱིས་ལས་འགན་ཁུར་བའི་རྗེས་སུ་ཨན་པའེ་དང་གྲོས་མོལ་བྱས་མ་མྱོང་བ་དང་། ཨན་པའེ་ཡིས་ནམ་རྒྱུན་ཧན་གོ་དང་ཀྲུང་གོའི་མགོ་ཁྲིད་པར་གྲོས་མོལ་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག