མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་ས་ཁུལ་ནས་སོ་སོར་སྤྱི་ལེ་བཅོ་ལྔའི་མཚམས་སུ་ཕྱིར་འཐེན་བྱེད་པར་འཐད་པ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:52

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་དགུའི་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཝུའུ་ཁི་ལན་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པའི་འཐུས་མིའི་བར་ཡིག་ཆ་ཞིག་བཀོད། ཡིག་ཆའི་ནང་ཝུའུ་ཁི་ལན་འཁྲུག་རྩོད་ཕྱོགས་ཁག་གཉིས་འཁྲུག་རྩོད་བྱེད་ས་ནས་སོ་སོར་སྤྱི་ལེ་བཅོ་ལྔའི་མཚམས་སུ་ཕྱིར་འཐེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཟླ་འདིའི་ཚེས་ལྔ་ཉིན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་སྟབས་བདེ་བཟོ་རྒྱུ་ཐག་བཅད་ཡོད།

ཡིག་ཆ་དེའི་ནང་གཤམ་གྱི་ནང་དོན་འདུས་ཡོད་དེ། ཝུའུ་ཁི་ལན་འཁྲུག་རྩོད་ཕྱོགས་ཁག་གཉིས་འཁྲུག་རྩོད་བྱེད་ས་ནས་སོ་སོར་སྤྱི་ལེ་བཅོ་ལྔའི་མཚམས་སུ་ཕྱིར་འཐེན་བྱས་ཏེ་སྤྱི་ལེ་སུམ་ཅུ་ཡོད་པའི་སས་བར་ཆོད་པར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་མཚོན་ཆ་བེད་སྤྱོད་བྱེད་མཚམས་བཞག་ནས་འགུལ་སྐྱོད་མཚམས་འཇོག་དགོས། འཁྲུག་རྩོད་ས་ཁུལ་ནས་ལྗིད་པའི་མཚོན་ཆ་ཕྱིར་འཐེན་བྱེད་དགོས། སྡོད་དམངས་སྡོད་སར་མཚོན་ཆ་དང་སྒྲིག་ཆས་བཀོད་སྒྲིག་བྱེད་པར་གཏན་འགོག་བྱེད་པ། ས་འོག་འགད་རྫས་དང་བཅས་པའི་འགད་རྫས་སྣ་ཚོགས་སྦས་མཚམས་འཇོག་པ། འགྲིམ་འགྲུལ་རྒྱུ་ལམ་གཙོ་བོའི་བཀག་རྒྱ་སེལ་དགོས་པ། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་གྱི་དམག་དོན་མི་སྣ་དང་གླས་དམག་ཚང་མ་ཕྱིར་འཐེན་བྱེད་དགོས། འཁྲུག་རྩོད་ས་ཁུལ་གྱི་བར་སྣང་དུ་འཐབ་འཛིང་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུས་མྱུལ་ཞིབ་བྱེད་པའི་བྱ་འགུལ་མཚམས་འཇོག་པ་སོགས་ཡིན།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པའི་འཐུས་མི་དང་མཉམ་དུ་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར་མེན་སི་ཁི་ནས་བསྡུས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པའི་ཐད་གྲུབ་འབྲས་ངེས་ཅན་བླངས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག