མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ཉིག་ཡོ་གྲོང་ཁྱེར་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་དང་ཡོ་རོབ་གླིང་མནའ་འབྲེལ། དབྱི་ལིང་བཅས་ཀྱིས་ཚེས་བཅུ་དགུའི་ཉིན་ཉིག་ཡོ་གྲོང་ཁྱེར་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཐེངས་བདུན་པ་སྤེལ་མགོ་བརྩམས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ། རྒྱལ་ཁབ་དྲུག་གི་འབྲེལ་ཡོད་མགོ་ཁྲིད་བཅས་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་གྲོས་མོལ་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དུས་ཡུན་རིང་བོར་དབྱི་ལིང་གིས་གསང་བའི་སྒོ་ནས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བར་དོགས་པ་ཟ་ཡང་། དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་དམངས་སྤྱོད་ཀྱི་དམིགས་ཡུལ་ཁོ་ནའི་ཆེད་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག