མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་གྱིས་ཕེའོ་ཅིན་ཧོས་ལ་ཐུག་འཕྲད་བྱས་ཏེ་ཨན་པའེ་ཅིན་སན་གྱི་འཕྲིན་ཡིག་བརྒྱུད་སྤྲོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིན་ཁྲོན་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཆེད་ཧན་གོར་འཚམས་འདྲི་བྱས་པའི་འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་སིན་ཞི་ལིང་གིས་ཚེས་བཅུ་དགུའི་ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་གྲོས་མོལ་བྱས། ཕེའོ་ཅིན་ཧོས་ཀྱིས་ཐེངས་འདིར་འཇར་པན་ཆབ་སྲིད་ལས་རིགས་ཀྱི་མི་སྣར་གྲོས་མོལ་བྱས་པ་ནི་ད་ལོའི་ཟླ་བདུན་པར་འཇར་པན་ཏུང་ཅིན་གྱི་མགོ་བར་ཐུག་འཕྲད་བྱས་རྗེས་ཟླ་གཉིས་ཀྱི་རིང་ཐོག་དང་པོ་རེད།

བསྒྲགས་པའི་ནས་ཚུལ་ལྟར་ན། སིན་ཞི་ལིང་གིས་ཨན་པའེ་ཅིན་སན་གཡིས་དངོས་སུ་བྲིས་པའི་འཕྲིན་ཡིག་ཕེའོ་ཅིན་ཧོས་ལ་སྤྲད། རྒྱུས་ལོན་བྱུང་བ་ལྟར་ན། ཨན་པའེ་ཅིན་སན་གྱིས་འཕྲིན་ཡིག་ནང་ཧན་གོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་པའི་ལངས་ཕྱོགས་གསལ་བོར་བསྟན་ཡོད། ཟླ་སྔོན་མར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁུལ་གླེང་སྟེགས་ནས་ཧན་གོ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་བྱས་རྗེས། ཧན་གོ་དང་འཇར་པན་བར་གྱི་འབྲེལ་འདྲིས་ཅུང་ཇེ་མང་དུ་སོང་། འཕྲིན་ཡིག་དེའི་ནང་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་སྤེལ་བ་སོགས་འབྲེལ་ཡོད་ནང་དོན་འདུས་ཡོད།

དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་སྲིད་གཞུང་གིས་ཧན་གོ་དང་འཇར་པན་གྱིས་ཟླ་བཅུ་གཅིག་པར་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་མགོ་གཙོའི་གྲོས་མོལ་སྤེལ་བར་རེ་བ་བྱས་ཡོད་ཟེར། ཡིན་ན་ཡང་འཇར་པན་དམག་དཔུང་གིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་གང་ཡང་བླངས་མེད་ལ། དེ་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་གྱི་བཀག་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད།

འཕྲིན་ཡིག་དང་ལེན་བྱས་རྗེས། ཕེའོ་ཅིན་ཧོས་ཀྱིས་ཉིན་དེར་གདན་ཞུ་དང་ལེན་བྱེད་མིན་ལ་ལན་གསལ་བོ་མ་བཏང་པ་དང་། འཇར་པན་གྱིས་ངེས་པར་དུ་ལྷག་བསམ་རྣམ་དག་གི་བྱེད་ཐབས་སྤྱོད་དགོས་པ་ནན་བཤད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག