མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་ཕུའུ་ཐའོ་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱའི་བར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེ་ཨར་ཝ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཕུའུ་ཐའོ་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཡོད་ཟེར།

ཞེ་ཨར་ཝ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་སུའུ་ཞི་ལོ་དང་གྲོས་མོལ་བྱས། ཞེ་ཨར་ཝ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕུའུ་ཐའོ་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་རིམ་བཞིན་ཇེ་མང་དུ་སོང་བ་དང་། ཁྱད་པར་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བར་མ་ཟད། སྔར་བཞིན་སྦས་ཤུགས་ཆེན་པོ་ཡོད་ཟེར།

སུའུ་ཞི་ལོ་ཡིས་ཚེས་བཅུ་དགུའི་ཉིན་ནས་བཟུང་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས། ཕུའུ་ཐའོ་ཡཱ་རུ་འཚམས་འདྲི་བྱེད་སྐབས། སུའུ་ཞི་ལོ་ཡིས་ད་རུང་ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་ཨེ་ལོས་སོགས་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་འགོད་རྒྱུ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་རྒྱ་མཚོ། ཉ་གསོ་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག