མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་མཉམ་ལས་ཀྱི་དམ་བཅའ་གསར་བ་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་སྙན་ཞུ་གསར་བ་ཞིག་སྤེལ་ཏེ། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་འཕེལ་རྒྱས་རོགས་སྐྱོར་གྱི་དམ་བཅའ་འཇོག་པའི་ཞོར་དུ་འཕེལ་རྒྱས་མཉམ་ལས་ཐད་ཆབ་སྲིད་ཀྱི་དམ་བཅའ་འཇོག་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧོང་པའོ་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། འཛམ་གླིང་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ད་ལྟའི་གནས་བབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་བར་ཁྱད་གནད་དོན་བྱ་བའི་ཚན་ཆུང་གི་ཉིས་སྟོང་བཅུ་བཞི་ལོའི་སྙན་ཞུ་དངོས་སུ་སྤེལ། སྙན་ཞུ་ལས་བཤད་རྒྱུར། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དམ་བཅའ་དང་དངོས་སུ་ལག་བསྟར་བྱེད་པའི་བྱ་བའི་བར་ཁྱད་པར་ཆེན་པོ་ཡོད་པ་དང་། དེས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་བཀག་རྒྱ་བཟོས་ཡོད་ཟེར།

སྙན་ཞུ་ལས་བསྟན་དོན། སྤྱི་ཕྱོགས་ལ་དམིགས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་དང་འགྲོ་སོང་་གི་གནས་ཚུལ་བསྟུད་མར་ལེགས་བཅོས་བྱས་ཀྱང་། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ཁྲོད་ཀྱི་དམིགས་འབེན་བརྒྱད་པ་སྟེ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་འཛམ་གླིང་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པའི་བྱེ་བྲག་གི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད། ཆེས་དབུལ་ཕོངས་ཡིན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་ལས་རོགས་སྐྱོར་མ་དངུལ་མང་བོ་དང་། ཚོང་རའི་ཞུགས་ཚད། དངུལ་བུན་གྲོན་ཆུང་། གཞི་རྩའི་སྨན་རྫས། ལག་རྩལ་སོགས་ཐོབ་པའི་ཐད་ནས་དགའ་སྡུག་མཉམ་གནས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག