མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ལོ་ཝུན་ནེ་ཡཱའི་གྲོས་ཁང་གིས་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ལོ་ཝུན་ནེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅོ་བརྒྱད་ཉིན་འདེམ་ཤོག་ང་བཞི་འཐད་པ་བྱུང་བ་དང་། འདེམ་ཤོག་ཉེར་ལྔས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཚེ་ལཱ་ཨར་ཙུང་ལི་ཡིན་པའི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད་དེ། ད་ལོའི་ཟླ་ལྔ་བར་པུའུ་ལཱ་ཐུའུ་ཧྲི་ཁིའི་ནེ་ཀིས་ལས་ཁུར་དགོངས་ཞུ་བྱས་པའི་ཚུན་གྱི་ཟླ་ངོ་བཞི་ལྷག་གི་བར་བརྒལ་དུས་རིམ་མཇུག་རྫོགས་པར་བྱས།

ཙུང་ལི་གསར་བ་ཚེ་ལཱ་ཨར་གྱིས་བསྟན་དོན། སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔལ་འབྱོར་འཕར་སྣོན་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་བུན་དང་འགྲོ་སོང་ལ་ཚོད་འཛིན་བྱས་ཏེ། དངུལ་ལོར་བརྟན་འཇགས་ཡོང་བ་མངོན་འགྱུར་བྱས་ནས། རྒྱལ་ཁབ་རང་དཔལ་འབྱོར་ཉམས་ཉེན་ལས་ཐར་བྱེད་རྒྱུ་མ་ཟད། བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རུལ་སུངས་ལ་དག་ཐེར་བཅོས་སྐྱོང་བྱས་ནས་རྒྱལ་ནང་གི་སྤྱི་ཚོགས་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཕྱི་འབྲེལ་སྲིད་ཇུས་གླེང་སྐབས་ཚེ་ལཱ་ཨར་གྱིས་བཤད་རྒྱུར། སི་ལོ་ཝུན་ནེ་ཡཱ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། སི་ལོ་ཝུན་ནེ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ནང་ཞུགས་ཤིང་། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་ཀྱི་གལ་ཆེན་རང་བཞིན་ལ་བརྟེན་ནས་ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་དང་རང་གི་མདུན་དུ་ལྷགས་པའི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག