མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཀི་ལན་གྱི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་མཇུག་འབྲས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་མང་བོས་རང་བཙན་བྱེད་མི་རུང་བའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

苏格兰公投结果将揭晓全球关注 多国不希望其独立.jpg

   ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། སུའུ་ཀི་ལན་ས་ཆ་སོ་སོའི་འདེམ་ཤོག་འཕེན་ས་སྟོང་ལྔ་དང་ལྔ་བརྒྱ་དོན་དགུ་དམངས་ཡོངས་ལ་སྒོ་འབྱེད་པ་དང་། སུའུ་ཀི་ལན་དེ་དབྱིན་ཇི་དང་ཁ་འབྲལ་མིན་གྱི་ཐད་ནས་དངོས་སུ་འདེམ་ཤོག་འཕེན་མགོ་བརྩམས། པར་འདི་ནི་གཅིག་གྱུར་དང་རང་བཙན་ཕྱོགས་གཉིས་ཀྱིས་འདེམ་ཤོག་འཕེན་སར་བཞག་པའི་བྱང་བུ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཀི་ལན་གྱི་འདེམ་དམངས་ས་ཡ་བཞི་ཙམ་འདེམ་ཤོག་འཕེན་སར་སོང་ནས་སུའུ་ཀི་ལན་དབྱིན་ཇི་དང་ཁ་འབྲལ་མིན་ལ་དངོས་སུ་འདེམ་ཤོག་འཕེན་མགོ་བརྩམས། ཐེངས་འདིའི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་དེ་དུས་ཚོད་བཅོ་ལྔར་རྒྱུན་བསྲིངས་པ་དང་། འདེམ་ཤོག་འཕང་བའི་མཇུག་འབྲས་དེ་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་དབྱིན་ཇི་དང་གཅིག་ཏུ་གྱུར་ནས་ལོ་སུམ་བརྒྱ་ལྷག་འགོར་བའི་སུའུ་ཀི་ལན་དོན་ངོ་མར་མུ་མཐུད་དུ་དབྱིན་ཇི་ནས་སྡོད་པའམ་ཡང་ན་དབྱིན་ཇི་དང་རྩ་བ་ནས་ཁ་འབྲལ་བའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད།

  ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་ཉིན། སུའུ་ཀི་ལན་གྱི་ས་ཁུལ་སོ་སོའི་འདེམ་ཤོག་འཕེན་ས་སྟོང་ལྔ་དང་ལྔ་བརྒྱ་དོན་དགུ་འདེམ་དམངས་ལ་སྒོ་འབྱེད་པ་དང་། སུའུ་ཀི་ལན་དེ་དབྱིན་ཇི་དང་ཁ་འབྲལ་མིན་གྱི་ཐད་ནས་དངོས་སུ་འདེམ་ཤོག་འཕེན་མགོ་བརྩམས། དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བདུན་ནས་དགོང་མོའི་དུས་ཚོད་བཅུའི་བར་རྒྱུན་བསྲིངས།

  སུའུ་ཀི་ལན་སྲིད་གཞུང་གི་མི་གྲངས་བསྡོམས་རྩིས་ལྟར་ན། འདེམ་ཤོག་འཕེན་པའི་ཐོབ་ཐང་ལྡན་པའི་མི་ས་ཡ་བཞི་དང་འབུམ་བཞི་ཁྲི་གཅིག་ཙམ་ཡོད་པ་དང་། དེའི་ནང་མི་ས་ཡ་བཞི་དང་འབུམ་གཉིས་ཁྲི་བརྒྱད་ཐེངས་འདིའི་བྱ་འགུལ་ལ་ཞུགས་པར་ཐོ་འགོད་བྱས་ཡོད།

འདེམ་ཤོག་འཕང་རྗེས། སུའུ་ཀི་ལན་གྱིས་མཚན་རྒྱབ་ནས་འདེམ་ཤོག་རྩིས་ལེན་བྱ་བ་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་སུའུ་ཀི་ལན་གྱི་ས་གནས་སྲིད་གཞུང་སོ་གཉིས་ཀྱིས་ཡོངས་ཁྱབ་ཏུ་འདེམ་ཤོག་འཕེན་རྒྱུ་ཡིན་ལ། འདེམ་ཤོག་འཕེན་པའི་མཇུག་འབྲས་དེ་ཚེས་བཅུ་དགུའི་ཉིནགྱི་ཞོགས་པར་ཁྱབ་སྒྲོག་བྱེད་རྒྱུ་རེད།

  བསྒྲགས་པའི་གནས་ཚུལ་ལྟར་ན། རང་སྟེང་གི་ཁེ་ཕན་དང་ས་གནས་ཀྱི་ཆབ་སྲིད་ལ་བསམ་བློ་བཏང་སྟེ། ཨ་མེ་རི་ཁ་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱིས་དབྱིན་ཇི་གཅིག་གྱུར་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད་པ་དང་། གནས་བབ་བརྟན་འཇགས་མིན་པའི་སྐབས་སུ་རྒྱལ་ཁབ་ཁ་བྲལ་གྱི་དཔེ་སྲོལ་བཏོད་ནས་རྒྱལ་ཁབ་གཞན་པར་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ཟེར།

  ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་བསྟན་དོན། དབྱིན་ཇི་མུ་མཐུད་དུ་སྟོབས་ལྡན་དང་དར་རྒྱས། མཐུན་སྒྲིལ་བཅས་བྱེད་དགོས་པ་དང་། མུ་མཐུད་དུ་གྲོགས་པོའི་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་པར་རེ་བ་ཡོད་ཀྱང་། སུའུ་ཀི་ལན་མི་དམངས་ཀྱི་གདམ་གསེས་ལ་བརྩི་འཇོག་བྱེད་དགོས་ཟེར།

  ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཁྲོད། འཇར་མན་གྱིས་དབྱིན་ཇི་གཅིག་གྱུར་ཡོང་བའི་རེ་བ་བཏོན་པ་དང་། སི་ཕན་དང་པུ་ལི་ཧྲི། དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཀྱིས་སུའུ་ཀི་ལན་གྱི་རང་བཙན་བརྡས་གཅོད་ཀྱིས་ཁོ་ཚོའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་ཤུགས་རྐྱེན་བཟོ་མི་སྲིད་པར་རེ་བ་བྱས་ཡོད།

  དེ་ལས་གཞན་སུའུ་ཀི་ལན་རང་བཙན་བརྡས་གཅོད་བྱ་འགུལ་ལ་དབྱིན་ཇིའི་ས་གནས་སོ་སོའི་སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབྱིན་ཇིའི་ས་ཁུལ་གཞན་པར་རང་སྐྱོང་གོ་གནས་བརྩོན་ལེན་བྱེད་པའི་རེ་བ་རྒྱས་པར་བྱས་ཡོད། མན་ཁྲི་སི་ཐི་དང་། ཡོ་ཁི་ཅོན། ཝེ་ཨར་ཧྲི་བཅས་ཀྱིས་ད་ལྟ་སུའུ་ཀི་ལན་གྱི་གནས་བབ་འཕེལ་རྒྱས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། སྔར་ལས་ལྷག་པའི་དཔལ་འབྱོར་ཐག་གཅོད་དབང་ཆ་བརྩོན་ལེན་བྱེད་པར་རེ་བས་ཁེངས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག