མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དྲག་ཆས་ཉེས་ཅན་བཞི་བཅུ་བསད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་ཉིན་དེར་འཐབ་འཛིང་གནམ་གྲུ་མངག་གཏོང་བྱས་ཏེ་ཝ་ཅི་ལི་སི་ཐན་བྱང་མའི་ཏི་ཏཱ་ཧེ་ལེ་ས་ཁུལ་དུ་ཆམ་ཕབ་འགུལ་སྐྱོད་སྤེལ་བ་དང་། དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་དང་མཚོན་ཆའི་མཛོད་ཁང་ལྔ་འགས་གཏོར་བཏང་བར་མ་ཟད། ས་གནས་རང་དང་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་སོགས་འདུས་པའི་མི་བཞི་བཅུ་བསད་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དུ་སྦས་སྐོང་བྱེད་པའི་ས་གནས་རང་དང་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་ལ་དམིགས་ཏེ་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་བསྟན་དོན། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་སྟོང་གཅིག་ལྷག་འགུལ་སྐྱོད་ཁྲོད་བསད་ཟེར། འགུལ་སྐྱོད་སྤེལ་སྐབས་ཝ་ཆི་ལི་སི་ཐན་བྱང་མའི་མང་ཚོགས་མང་བོ་གནས་གཞན་དུ་འགྲོ་དགོས་བྱུང་ཡོད་ཟེར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་ས་གནས་ཚོ་ཁག་གི་མགོ་བ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། སྲིད་གཞུང་གིས་གནས་གཞན་དུ་འཁྱམ་པའི་མི་རྣམས་སྔ་མོ་ནས་ཕྱིར་ལོག་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག